“དུད་ཚང་ཀུན་ཁྱབ”སྒྲིག་ཆས་རབས་བཞི་པ་རྣམ་གླིང་རྫོང་དུ་ཡོངས་ཁྱབ་ཐུབ་པ།
ཉེ་ཆར། མང་ཚོགས་དུད་ཚང་མཇུག་ཤོས་ལ་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་ལེགས་གྲུབ་བྱུང་བ་དང་བསྟུན། རྣམ་གླིང་རྫོང་གིས་བྱང་སྐར་སྤུན་བདུན་སྲུང་སྐར་རབས་བཞི་པའི“དུད་ཚང་ཀུན་ཁྱབ”སྒྲིག་ཆས་ས་ཁོངས་ཡོངས་ལ་སྦྲེལ་མཐུད་བྱེད་པའི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།
དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྣམ་གླིང་རྫོང་གིས་མང་ཚོགས་ཀྱིས“མཐོང་ཐུབ་པ་དང་། གོ་ཐུབ་པ། ཡག་པོ་སྤྱོད་ཐུབ་པ”བཅས་ཀྱི་རིག་གནས་དགོས་མཁོར་དམིགས་ཏེ། ཆེད་ལས་ལག་རྩལ་དཔུང་ཁག་བཙུཌ་ནས་ཁག་བགོས་སྐུལ་འདེད་དང་། དུད་ཚང་བཞིན་སྒྲིག་སྦྱོར། ས་ཡུལ་དངོས་སུ་ཚོད་སྒྲིག དམར་ཁྲིད་བཅས་ཀྱི་བྱ་ཐབས་སྤྱད་དེ་རྒྱ་ཆེའི་མང་ཚོགས་དང་། ལྷག་པར་དུ། རྒན་རྒོན་ཚོགས་སྤྱི་དང་དམིགས་བསལ་ཁྱིམ་ཚང་ལ་སྒོ་རྩར་རོགས་སྐྱོར་བྱས་ནས། མང་ཚོགས་ཀྱིས་སྒྲིག་ཆས་བེད་སྤྱོད་བྱང་ཆུབ་པ་དང་དམངས་ཕན་སྟབས་བདེ་ལོངས་སྤྱོད་ཐུབ་པར་འགན་ལེན་བྱས་ཡོད།
ད་ཐེངས་ཀྱི་ལས་དོན་དེས་ཐག་རིང་ལུང་ཁུག་གྲོང་གསེབ་ཀྱི་མང་ཚོགས་ཚོས་བརྙན་འཕྲིན་ལྟ་དཀའ་བ་དང་རླུང་འཕྲིན་ཉན་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས། རླུང་འཕྲིན་བརྙན་འཕྲིན་དེ་ཉིད་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་དང་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།