དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རང་ལྗོངས་ཀྱི་ཇ་ཁང་7800ལྷག་ཙམ་ཚད་རིམ་གཉིས་ཀ་སྤར་བ།

    ལྕེ་ཐོག་གི་བདེ་འཇགས་ལ་འགན་སྲུང་བྱས་པས་དམངས་འཚོའི་བདེ་རྩ་དེ་བས་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-03

    “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་ལྗོངས་ཀྱིས་ཇ་ཁང་ཚད་རིམ་གཉིས་སྤར་གྱི་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཇ་ཁང་7800ལྷག་ཙམ་ལ་སྒྱུར་བཀོད་རིམ་སྤོར་བྱས་པས། ས་མཐོའི་འཚོ་བའི་ཁྱད་ལྡན་ཟ་ཁང་གི་ཁོར་ཡུག་དང་། འཕྲོད་བསྟེན། དོ་དམ། གདེང་འཇོག་བཅས་ཕྱོགས་ཡོངས་ནས་རིམ་སྤོར་བྱུང་ཡོད་པ་རེད།

    ཇ་ཁང་ཆུང་ངུར་བླང་བྱ་ལྔ་དོན་འཁྱོལ་བྱུང་བ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཇ་ཁང་ཞིག་ཏུ་ཤེལ་སྒོ་གཙང་བས་ཐབ་ཚང་གསལ་པོར་མཐོང་ཐུབ་པ་དང་། དུག་སེལ་སྒམ་དང་། མཚོན་རྟགས་བཀོད་པའི་ཐབ་ཆས། ཟས་ཅོག་གཙང་མ་བཅས་གང་དགོས་ཆ་ཚང་ཡོད་པ་རེད། “ཚད་རིམ་གཉིས་སྤར་མ་བྱས་གོང་། ང་ཚོའི་ཇ་ཁང་གི་ཐབ་ཚང་དང་ཚོམས་ཆེན་གཅིག་ཏུ་འདྲེས་པས་ཐབ་ཚང་ཕྱི་གསལ་ནང་གསལ་མེད་ལ། ཅ་དངོས་ཀྱང་གང་བྱུང་དུ་བཞག་ཡོད་པས་བལྟས་པ་ཙམ་གྱིས་ཟང་ཟིང་གི་སྣང་བ་ཞིག་སྟེར་གྱི་ཡོད” ཇ་ཁང་གི་སྦྱིན་བདག་མཚོ་མོས(འགྱུར་མིང)སྔོན་ཆད་སྲོལ་རྒྱུན་གྱི་གཉེར་སྐྱོང་བྱེད་སྟངས་ཀྱི་ཚོད་འཛིན་ཕོག་ནས་ཇ་ཁང་གི་ས་ཆ་བཀོད་སྒྲིག་ལུགས་མཐུན་བྱུང་མེད་པ་མ་ཟད། ད་དུང་གཙང་སྦྲ་ཡང་ཞན་པ་དེ་ང་ཚོའི་སེམས་ནད་དུ་གྱུར་པ་མ་ཟད། སྐུ་མགྲོན་ཚོ་ཇ་ཁང་དུ་ཡོང་རྒྱུར་སྐྱོན་རྒྱག་གི་འདུག་ཅེས་བཤད།

    མཚོ་མོས་གསར་འགོད་པར། དང་ཐོག་སྒྱུར་བཀོད་བྱེད་སྐབས་དཀའ་ངལ་འཕྲད་བྱུང་། འོན་ཀྱང་ཇ་ཁང་རིམ་གྱིས་ཚད་ལྡན་དུ་གྱུར་ནས་གཉེར་སྐྱོང་སྟབས་བདེ་རུ་ཕྱིན་སོང་། ད་ཆ་ཇ་ཁང་གིས་ཡོངས་བསྒྲཌ་ཅན་དང་། མཚོན་རྟགས་ཅན། སྒོ་རྩིས་ཚོང་ཁང་གི་རྣམ་པ། ཚད་ལྡན་ཅན། ཚད་གཞི་ཅན་བཅས་ཀྱི་བླང་བྱ་ལྔ་དོན་འཁྱོལ་ནན་པོ་བྱས་ནས། ལྟོ་སྣོད་དུག་སེལ་དང་། ཟས་རིགས་དབྱེ་འཇོག མི་སྣ་ཁག་བགོས་བཅས་ཚང་མར་ཚད་གཞི་ཁ་གསལ་བཟོས་པ་དང་། ཐབ་ཚང་དང་ཚོམས་ཆེན་སོ་སོར་ཕྱེ་བས་དོ་དམ་བྱེད་སྐབས་དེ་བས་སྟབས་བདེ་དང་ནུས་ཆེ་བྱུང་སྟེ། དེ་སྔའི་ཟང་ཟིང་གི་རྣམ་པར་རྦད་དེ་འགྱུར་ལྡོག་སོང་ཡོད་ཅེས་བཤད།

    “དེ་སྔོན་ཐབ་ཚང་ནང་འཚང་ཁ་ཆེ་བ་དང་ས་ངོས་འདྲེད་བརྡབ་ཤོར་སླ་པོ་ཡོད། ད་ཆ་ཁུལ་དབྱེ་ཁ་གསལ་དང་བརྒྱུད་རིམ་ཧྲིལ་པོ་མཐོང་ཐུབ་པས་སྐུ་མགྲོན་ཚོ་ཐུགས་བློ་བདེ་པོས་ཞལ་ལག་མཆོད་ཆོག་པ་མ་ཟད། ང་ཚོའི་ཚོང་ཡང་ཡག་ཏུ་ཕྱིན་སོང”ཞེས་མཚོ་མོས་བཤད།

    ཇ་ཁང་གི་ཚད་རིམ་གཉིས་སྤར་ལས་དོན་ལ་ཕན་འབྲས་ཐོན་པ།

    རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། རང་ལྗོངས་ཀྱི་ཇ་ཁང་ཚད་རིམ་གཉིས་སྤར་ལས་དོན་གྱིས་ཁུལ་ཡོངས་ལ་སྤྱི་འདོམས་དང་། གྲོང་ཁྱེར་དང་རྫོང་མཉམ་སྒུལ། རིགས་དབྱེ་སྐུལ་འདེད་བཅས་མཐའ་འཁྱོངས་བྱེད་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཡུལ་དེའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་ཀའི་བྱེད་ཐབས་གསར་གཏོད་དང་ཁྱད་ལྡན་རྣམ་པ་བཏོད་དེ། ཁྱད་ལྡན་བཟའ་བཏུང་ལས་རིགས་ཚད་ལྡན་ཅན་དང་། ཚད་གཞི་ཅན། བདེ་ཐང་ཅན་བཅས་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས།

    མིག་སྔའི་བར་གཞིས་རྩེ་གྲོང་ཁྱེར་ཡོངས་སུ་ཇ་ཁང་2556ཡོད་པ་དང་ཇ་ཁང་2297ཚད་རིམ་གཉིས་སྤར་ལེགས་གྲུབ་བྱུང་བ་དང་སྤྱི་ཡོངས་རིམ་སྤོར་བྱེད་ཚད་89.8%ཟིན་ཡོད། དེའི་ཁྲོད་ཀྱི་མུ་འབྲེལ་ཇ་ཁང་ཆེ་གྲས་རིམ་སྤོར་བྱེད་ཚད་100%ཟིན་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ། ལས་རིགས་སྤྱི་ཡོངས་རིམ་སྤོར་བྱ་རྒྱུར་སྐུལ་ཁྲིད་ཐུབ་པས་མང་ཚོགས་ཚོས་བཟའ་བཅར་བློ་ཡིད་ཚིམ་ཚད་རྒྱུན་མཐུད་ཆེ་རུ་སོང་ཡོད་པ་རེད།

    གཞིས་རྩེ་དང་ལྷོ་ཁ་སོགས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་སོགས་བཟའ་བཅའ་བདེ་འཇགས་ཀྱི་སྤྱི་ཚོགས་མཉམ་བཅོས་ནང་ཞུགས་རྒྱུར་གདན་དྲངས་པ་དང་། མངའ་རིས་ས་ཁུལ་དུ་བཟའ་བཅའི་བདེ་འཇགས་འགན་ལེན་རྦད་དེ་ཁྱབ་པར་བྱས་ཡོད། དེ་དང་ཆབས་ཅིག རང་ལྗོངས་ཀྱིས་བརྒྱུད་རིམ་ལྡན་པའི་བསམ་བློ་མཐའ་འཁྱོངས་ཀྱིས། བཟའ་བཅའི་བདེ་འཇགས་ཀྱི་ཁུལ་ཡོངས་ལྟ་འདོམས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས། ས་མཐོའི་དོན་དངོས་དང་འཚམ་པ་དང་། དམངས་འཚོའི་དགོས་མཁོ་དང་མཐུན་པ། བོད་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་གི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་པ་རེད།

    ཇ་ཁང་གི་ཁོར་ཡུག་དེ་བས་སྐྱིད་སྣང་དོད་དུ་ཕྱིན་པ།

    ཇ་ཁང་ཆུང་ཡང་དམངས་འཚོ་དང་འབྲེལ་ཞིང་། རང་ལྗོངས་ཀྱིས་ཇ་ཁང་7800ལྷག་ཙམ་འཐབ་ས་གཙོ་བོར་བྱས་ནས་ཚད་རིམ་གཉིས་ཀ་སྤར་རྒྱུ་དེ་དམངས་འཚོའི་འདུ་འགོད་དང་། དམངས་སེམས་ཀྱི་འདུ་འགོད། སྤུས་ཚད་ཀྱི་འདུ་འགོད་བཅས་སུ་བྱས་ཏེ་ཆུང་ས་ནས་དམ་འཛིན་གྱིས་འགྱུར་ལྡོག་ཆེན་པོ་ཡོང་བར་བྱས་པ་དང་བཅོས་སྐྱོང་ཕྲན་བུ་ལས་རིམ་སྤོར་ཆེན་པོ་ཡོང་བར་བྱས་ཡོད།

    “སྐུ་མགྲོན་ཚོར་སྐྱིད་སྣང་དང་གཙང་སྦྲ་དོད་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་གལ་ཆེ་ཤོས་ཀྱི་བྱ་བ་ཞིག་ཡིན་པ”ནག་ཆུའི་ཇ་ཁང་གཉེར་སྐྱོང་བ་བསྟན་འཛིན་མི་འགྱུར་ལ་ཚོར་སྣང་ཟབ་མོ་བྱུང་ཡོད། ཇ་ཁང་ནང་མང་ཚོགས་ཀྱི་རྒྱུན་གཏན་གྱི་བཟའ་བཏུང་གི་དགོས་མཁོ་འདུས་ཡོད་ལ། དམངས་འཚོའི་བདེ་རྩ་དང་བཟའ་བཅའི་བདེ་འཇགས་དང་འབྲེལ་བ་ཟབ་མོ་ཡང་ཡོད། ཇ་ཁང་7800ལྷག་ཙམ་ཚད་རིམ་གཉིས་ཀ་སྤར་བ་ནི་ཇ་ཁང་གི་ཕྱིའི་རྣམ་པར་འགྱུར་ལྡོག་གཏོང་བ་ཙམ་ཞིག་མིན་པར། བཟའ་བཅའི་བདེ་འཇགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་དང་དམངས་འཚོའི་ཞབས་ཞུ་ལེགས་སུ་བཏང་བ་ཞིག་དེ་བས་རེད།

    ཇ་མངར་མོ་ཕོར་པ་གང་གིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་ཇ་ཁང་གཅིག་གིས་དམངས་འཚོར་ཕན་པ་འདོགས་ཐུབ། རང་ལྗོངས་ཀྱིས་ཇ་ཁང་གི་བཟའ་བཅའ་ཚད་རིམ་གཉིས་སྤར་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། “བླང་བྱ་ལྔ”དོ་དམ་བྱ་རྒྱུ་དེ་ཚད་གཞིར་བྱེད་པ། བ་ཚང་ཕྱི་གསལ་ནང་གསལ་བྱ་རྒྱུ་གཞི་རྟེན་དུ་བྱས་ཏེ། ས་མཐོའི་ཁྱད་ལྡན་བཟའ་བཏུང་ལ་སྲོལ་རྒྱུན་གྱི་དྲོ་བ་ལྡན་ལ་བདེ་འཇགས་ཀྱི་མཐའ་ཚད་ཀྱང་བརྟན་སྲུང་ཐུབ་པར་བྱས་ཏེ། མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”ལ་དེ་བས་འགན་ལེན་དང་ཁྲོམ་གཞུང་གི་ཇ་ཁང་དག་སྔར་བས་སྐྱིད་སྣང་དང་བདེ་འཇགས་ལྡན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།