དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རྩལ་ནུས་གསོ་སྦྱོང་བྱས་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-03

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གིས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་ཐོག་མཐའ་བར་གསུམ་དུ་སྐུལ་འདེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། རིམ་པ་མཐོ་པོས་སྐུལ་འདེད་དང་། ཆེད་མིས་འགན་འཁུར་བ། ཕྱོགས་མང་པོས་གཞོགས་འདེགས་བྱེད་པ་བཅས་བརྒྱུད“རྩལ་ནུས་གསོ་སྦྱོང་ཁྱིམ་ཚང་ཁྲིར་ཁྱབ་སྤེལ་གཏོང་བའི”རིམ་སྤེལ་བྱེད་སྒོ་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་དང་ཡོང་སྒོ་གསོག་པའི་འཇོན་ཐང་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    འདི་ནི་རྫོང་དེའི་འབྲེལ་ཡོད་སྡེ་ཚན་གྱི་ལག་རྩལ་པས་ས་གནས་དེ་གའི་ཐོན་ལས་གླིང་དུ་མང་ཚོགས་ལ་རྩལ་ནུས་གསོ་སྦྱོང་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།