དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་75ལྷག་ཙམ་ཟིན་པ།

    མཚོ་བོད་ལྕགས་ལམ་གློག་ཤུགས་ཅན་གྱི་ཕྱི་གློག་ཆ་སྒྲིག་ལས་གྲྭ(བོད་ཀྱི་དུམ་བུ)སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-03

    ཉེ་ཆར། མཚོ་བོད་ལྕགས་ལམ་གློག་ཤུགས་ཅན་གྱི་ཕྱི་གློག་ཆ་སྒྲིག་ལས་གྲྭ(བོད་ཀྱི་དུམ་བུ)འཛུགས་སྐྲུན་གྱི་སྐུལ་སློང་ཚོགས་ཆེན་འཚོགས་ཤིང་། དེ་ཐོག་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་འཁུར་བའི་ལས་གྲྭ་གལ་ཆེན་འདི་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་མཚོན་གྱི་ཡོད།

    འདི་ལོ་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་20འཁོར་བའི་ལོ་ཞིག་རེད། མཚོ་བོད་ལྕགས་ལམ་གློག་ཤུགས་ཅན་སྒྱུར་བཀོད་ཀྱི་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་མཚོ་བོད་ལྕགས་ལམ་གློག་ཤུགས་ཅན་གྱི་ཕྱི་གློག་ཆ་སྒྲིག་ལས་གྲྭ་དེ། མཚོ་སྔོན་དུམ་བུ་དང་བོད་ཀྱི་དུམ་བུ་ལས་གྲུབ་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་149.02བཏང་ཡོད། དེའི་ནང་བོད་ཀྱི་དུམ་བུར་མ་དངུལ་སྒོར་དུང་ཕྱུར་75.18བཏང་བ་དང་། ཆན་ཕུའུ་500ཡི་གློག་སྒྱུར་ས་ཚིགས་2དང་། ཆན་ཕུའུ་220ཡི་གློག་སྒྱུར་ས་ཚིགས། དེ་བཞིན་གློག་བསད་སྤར་ས་ཚིགས་2བཅས་གསར་དུ་སྐྲུན་རྩིས་ཡོད་པ། ལམ་ཐིག་གསར་པའི་ལྟེབ་གུག་རིང་ཚད་སྤྱི་ལེ་1552.5ཟིན་རྒྱུ་རེད།

    རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཕན་ཅིང་ཏུང་གིས། མཚོ་བོད་ལྕགས་ལམ་གློག་ཤུགས་ཅན་གྱི་ཕྱི་གློག་ཆ་སྒྲིག་ལས་གྲྭ(བོད་ཀྱི་དུམ་བུ)བསྐྲུན་རྗེས་མཚོ་བོད་ལྕགས་ལམ་གྱི་འཁོར་རྒྱུག་ལ་གློག་ཤུགས་ཀྱི་རྒྱབ་སྐྱོར་བརྟན་པོ་ཐོབ་པ་དང་། ལམ་རྒྱུད་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་གློག་གི་དགོས་མཁོ་སྐོང་བ། ལམ་རྒྱུད་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ནས་བོད་གློག་ཕྱིར་གཏོང་བྱེད་པར་འགན་ལེན་བརྟན་པོ་ཡོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།