དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་པུའུ་ཡེ་དབྱིར་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་མྱུར་སྒྲུབ་ཡན་ལག་རུ་ཁག་ཁག་གཉིས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཞི་བདེའི་གཟི་བརྗིད་མཚན་སྙན་གྱི་བྱས་རྗེས་གཟེངས་རྟགས”སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-02

    ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱིའི་སྐབས་འཕྲལ་བདེ་འཇགས་དཔུང་སྡེས་ཨ་པུའུ་ཡེ་དབྱིར་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་མྱུར་སྒྲུབ་ཡན་ལག་རུ་ཁག་ཁག་གཉིས་པའི་དཔོན་དམག་150ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཞི་བདེའི་གཟི་བརྗིད་མཚན་སྙན་གྱི་བྱས་རྗེས་གཟེངས་རྟགས”སྤྲད་པ་མ་ཟད། དཔོན་དམངས་ཡོངས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱིའི་བདེ་འཇགས་དཔུང་སྡེའི་སི་ལིང་གི་བྱ་དགའ་སྤྲད་དེ། ཁོང་ཚོས་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་རིང་ཕུལ་བྱུང་གི་གྲུབ་འབྲས་དང་ཨ་པུའུ་ཡེ་དབྱེའི་ཞི་བདེ་སྲུང་སྐྱོང་གི་བྱ་གཞག་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་གཟེངས་བསྟོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།