དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་རང་རྒྱལ་གྱི་གྲོང་མིའི་གྲངས་འཛིན་འཛད་སྤྱོད་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་25.3ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-02

    ཉེ་ཆར། གསར་འགོད་པར་ཤེས་རྟོགས་བྱུང་བར། 2025ལོར་རང་རྒྱལ་གྱི་གྲོང་མིའི་གྲངས་འཛིན་འཛད་སྤྱོད་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་25.3ཟིན་པ་དེ་དུས་མཚུངས་ལས་8.7%འཕར་བའི་ནང་གྲངས་འཛིན་ཞབས་ཞུའི་འཛད་སྤྱོད་12.5%འཕར་ནས་གྲངས་འཛིན་འཛད་སྤྱོད་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། དྲ་ཐོག་ཚོང་དོན་གྱིས་དྲ་ཕྱིའི་འཛད་སྤྱོད་དེ་བས་འཁྲུག་ཆ་དོད་དུ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ནས་དྲ་ཕྱིའི་གྲངས་འཛིན་འཛད་སྤྱོད་13.8%འཕར་ཡོད།

    2025ལོར་ཚོང་དོན་པུའུ་སོགས་སྡེ་ཚན་8ཀྱིས《གྲངས་འཛིན་འཛད་སྤྱོད་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲངས་འཛིན་དུས་རབས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་མཉམ་དུ་ནུས་ཤུགས་བཏོན་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ལེ་ལག་ཚང་བའི་ཡིག་ཆ་དང་དེ་བཞིན་ཚད་ལྡན་ཚད་གཞི་ཁག་40ལྷག་ཙམ་བཏོན་ཡོད། གྲངས་འཛིན་ལག་རྩལ་དེ་རིག་གནས་ཡུལ་སྐོར་དང་། སྨན་བཅོས། གྲོང་ཁྱེར་ཞབས་ཞུ་སོགས་ཁྱབ་ཁོངས་ནང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། དབྱིངས་ཞུགས་རྣམ་པའི་རིག་གནས་ཡུལ་སྐོར་དང་། རིག་ནུས་སྨན་བཅོས། མི་མེད་གནམ་གྲུས་སྡེབ་སྐྱེལ་སོགས་རྣམ་པ་གསར་པ་རྒྱ་ཁྱབ་ངང་དོན་འཁྱོལ་བྱས་ནས། གྲངས་འཛིན་བཅོས་སྒྲིག་དང་། གྲངས་གཞིའི་བདེ་འཇགས། ཤེས་བྱའི་བདག་དབང་སོགས་ཁྱབ་ཁོངས་ཀྱི་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། བདེ་འཇགས་ཚད་ལྡན་དང་སྐྱོན་བྲལ་བསྟུན་མཁས་ཀྱི་གྲངས་འཛིན་འཛད་སྤྱོད་ཁོར་ཡུག་གཏོད་པར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།