དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་ཀྱི་ཕྱོགས་བསྡུས་ཨང་རིམ་འཛམ་གླིང་གི་ཨང་དགུ་པར་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-02

    ཚེས་29ཉིན། ཀྲུང་གོ་ཚན་རིག་ལག་རྩལ་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཁང་གིས་ཡོངས་བསྒྲགས་བྱས་པའི《རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་སྙན་ཞུ་2025》ནང་མངོན་པར། ཀྲུང་གོའི་རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་ཀྱི་ཕྱོགས་བསྡུས་ཨང་རིམ་འཛམ་གླིང་གི་ཨང་དགུ་པར་སླེབས་ནས་ལོ་གོང་མ་ལས་ཨང་རིམ་གཅིག་འཕར་ཏེ་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་གྱི་དམིགས་ཚད་ཕྱོགས་སུ་བརྟན་པོའི་ངང་སྐྱོད་བཞིན་ཡོད།

    སྙན་ཞུ་ལས་མངོན་པར། 2012ལོ་དང་བསྡུར་ན་རང་རྒྱལ་གྱི་ཕྱོགས་བསྡུས་ཨང་རིམ་ཨང་11འཕར་ནས་ལོ་10ལྷག་ཙམ་རིང་འཕར་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་ཀྱི་སྐར་གྲངས་67.2ཟིན་ནས་དམིགས་ཚད་གཙོ་བོའི་འཕར་ཚད་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་ལས་མཐོ་བ་ཡོད། རང་རྒྱལ་གྱི་གསར་གཏོད་ནུས་པ་དེ་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི་5ཡས་མས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འདྲ་པོ་ཡོད་པ་མ་ཟད། བརྟན་པོའི་ངང་འཕར་བའི་བགྲོད་ལམ་ཐོག་སྔར་བཞིན་གནས་ཡོད། རང་རྒྱལ་གྱི“གསར་གཏོད་ཐོན་ཁུངས”དང་། “ཤེས་བྱ་གསར་གཏོད” “ཁེ་ལས་གསར་གཏོད”བཅས་ཀྱི་གྲུབ་འབྲས་མངོན་གསལ་དོད་པས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད། རིམ་པ་དང་པོའི་དམིགས་ཚད་དང་རྨང་གཞིའི་དམིགས་ཚད་ཀྱི་སྤྱི་ཡོངས་ནས་བལྟས་ཚེ་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།