དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ལོའི་རྒྱ་ཆེའི་ཞིང་པར་ཁྱབ་པའི་ཚན་རིག་དང་མཐུན་ལ་བདེ་འཇགས་ལྡན་པའི་ཞིང་སྨན་སྤྱོད་པའི་གསོ་སྦྱོང་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-02

    ཉེ་ཆར། ཞིང་ལས་གྲོང་གསེབ་པུའི་འདེབས་འཛུཌ་ལས་རིགས་དོ་དམ་སི་དང་རྒྱལ་ཡོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱིས་ཧའེ་ནན་ཧའེ་ཁོའུ་རུ་2026ལོའི་རྒྱ་ཆེའི་ཞིང་པར་ཁྱབ་པའི་ཚན་རིག་དང་མཐུན་ལ་བདེ་འཇགས་ལྡན་པའི་སྨན་སྤྱོད་གསོ་སྦྱོང་བྱེད་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་སུ་ལོ་རེར་ཆ་སྙོམས་གསོ་སྦྱོང་ཐེངས་ཁྲི་7ལྷག་ཙམ་བྱས་པར་མི་ཐེངས་ཁྲི་700ལྷག་ཙམ་ཟིན་ནས། ཞིང་པས་ཞིང་སྨན་གྱི་མཆན་རྟགས་གཞིར་བཟུང་སྨན་སྤྱོད་པའི་བསྡུར་ཚད“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་30མཐོ་རུ་ཕྱིན་པ་དང་། གསོ་སྦྱོང་བྱེད་སྒོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། ཞིང་པའི་ཚན་རིག་དང་མཐུན་ལ་བདེ་འཇགས་ལྡན་པའི་ཞིང་སྨན་སྤྱོད་པའི་ནུས་པ་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།

    ད་ལོའི་གསོ་སྦྱོང་བྱེད་སྒོར་འབྲུ་རིགས་དང་པད་ཁའི་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བ་དང་། ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་ལ་འགན་ལེན། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅས་གཙོ་རྐང་3ལ་དམ་པོར་དམིགས་ནས་གནད་སྨིན་རང་བཞིན་དང་། ཉེར་སྤྱོད་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བ་དང་། སྨན་སྤྱོད་ཤེས་བྱ་ཁྱབ་གདལ་གཏོང་བ་དང་བཀོལ་སྤྱོད་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། ལག་རྩལ་ཡག་པོ་ཤེས་པ་དང་ཕན་འབྲས་ཐོན་པ་དང་རྒྱ་ཆེའི་ཞིང་པར་ཕན་པ་ཐོབ་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ད་ཐེངས་ཀྱི་གསོ་སྦྱོང་དེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ཅིང་། ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་དང་། འདེབས་འཛུགས་དུད་ཆེན། སྤྱི་ཚོགས་ཅན་གྱི་འགོག་བཅོས་ཞབས་ཞུའི་རྩ་འཛུགས་སོགས་མི་ཐེངས་ཁྲི་2ཙམ་གྱིས་དྲ་ཐོག་ནས་གསོ་སྦྱོང་གི་ཐད་གཏོང་བལྟས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།