དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་གསོ་སྦྱོང་ཚོགས་འདུ་འཚོགས་པ།

    ཧྲི་ཐའེ་ཧྥུང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་ལིའུ་ཅིན་གོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-04-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་གསོ་སྦྱོང་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་སྦྱོང་སློབ་གསོ་དང་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ལ་སྐུལ་སློང་དང་གསོ་སྦྱོང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཧྲི་ཐའེ་ཧྥུང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལིའུ་ཅིན་གོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་8མངགས་ནས་ས་གནས་དང་ཚན་པ་20ལ་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུའི་གཏན་འབེབས་བྱས་པ་དེ་ནི་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པ་དང་། དམིགས་ཡུལ་ནི་གནོན་ཤུགས་བརྒྱུད་སྤྲོད་ཏན་ཏིག་བྱས་ནས་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། འབྲེལ་ཡོད་ས་གནས་དང་ཚན་པས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་གྲི་དངོ་རང་གཏད་ཀྱི་བློ་སྟོབས་ལ་བརྟེན་ཏེ་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་དང་ལེན་བྱ་རྒྱུ་གོ་སྐབས་སུ་བཟུང་ནས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་གནད་སྨིན་བྱེད་དགོས། དམིགས་ཚད་དང་ལས་འགན་ལ་དམིགས་ནས་ལྟ་སྐུལ་མཛུབ་ཁྲིད་ཏན་ཏིག་བྱེད་པ་དང་། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ། གནད་དོན་མངོན་གསལ་དོད་པོ་དག་ཐེར་ཡོ་བསྲང་བྱེད་པ། ལམ་ལུགས་དང་སྒྲིག་ལམ་ཡག་པོ་འཛུགས་པ་བཅས་ལ་སྐུལ་འདེད་གཏོང་བའི་ཐད་སྟོབས་ཤུགས་གཅིག་སྡུད་བྱེད་པ། སློབ་སྦྱོང་དང་བགྲོ་གླེང་ལ་དམ་འཛིན་ཡག་པོ་བྱེད་པར་སྐུལ་འདེད་གཏོང་བ། ཏང་གཤིས་ཀྱི་གོ་རྟོགས་མཐོ་རུ་གཏོང་བ་བཅས་བྱས་ནས་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། གནད་དོན་རྩད་གཅོད་གསལ་པོ་དང་གནད་འཕིགས་ངང་འཚོལ་བར་སྐུལ་འདེད་གཏོང་བ་དང་། དངོས་འཛིན་བཙན་ཐབས་སྒོ་ནས་དག་ཐེར་དང་བཅོས་སྒྲིག་བྱེད་པ། དཔེ་མཚོན་ལ་དམ་འཛིན་དང་། ད་ལྟ་སྤེལ་མུས་ལ་དམ་འཛིན། བརྡ་ཁྱབ་གཏོང་བར་དམ་འཛིན་བཅས་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ལམ་ལུགས་ཀྱི་ཞན་ཆ་འཚོལ་བ་དང་། སྒྲིག་སྲོལ་བཟོ་བའི་སྤུས་ཚད་མཐོ་རུ་གཏོང་བ། ལམ་ལུགས་ལག་བསྟར་ལ་དམ་འཛིན་ནན་པོ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས། དམ་ནན་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དྲི་བ་གཅིག་མཚུངས་ལ་ལན་མཉམ་དུ་འདེབས་པ་མཐའ་འཁྱོངས། བྱེད་སྟངས་དང་བྱ་ཐབས་ལ་སྣང་ཆེན། ལས་ཀའི་མཉམ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་ལ་བརྟེན་ནས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།