དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་དུས་ཚིགས་དང་པོའི་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོའི་མིང་བྱང་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-02

    ཉེ་ཆར། པེ་ཅིང་དུ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་2026ལོའི་དུས་ཚིགས་དང་པོའི་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོའི་མིང་བྱང་ཁྱབ་བསྒྲགས་བྱས་ཤིང་། བདེན་པའི་རྒྱབ་ལངས་ཀྱི་དཔེ་མཚོན་ལ་དྲ་ཐོག་ནས་དོ་ཁུར་བྱེད་ཚད་དང་ས་གནས་ཁག་གིས་ཁྲིམས་ལྟར་གཏན་འཁེལ་དང་འདུན་ཞུ་བྱས་པའི་བསམ་འཆར་ལ་གཞིགས་ནས་ཕྱོགས་བསྡུས་དཔྱད་ཞིབ་དང་དཔྱད་གླེང་བྱས་རྗེས། བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོ་64ལ་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་དང་བྱ་དགའ་སྤྲད་ནས་འཚམས་འདྲི་ཞུས་པ་རེད།

    དུས་ཚིགས་འདིར་མིང་བྱང་ནང་ཚུད་པའི་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོའི་གྲས་སུ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་ཆེད་དཔའ་ངར་ཞུམ་མེད་ངང་ཉེས་གསོག་དོགས་ཅན་དང་འཐབ་རྩོད་བྱེད་མཁན་ལིའུ་ཝེ་དང་། ཀྲང་སི་ཞི། ཅང་ཁྲེང་ཀེན། ཧྲེ་ཅན་ཀྲུང་། ལི་ཁྲོན། ཨའེ་མེར·ཡཱ་ཁུའུ་ཕུའུ་སོགས་དང་། གྲང་ཟུག་བཟོད་པར་དཀའ་བའི་འཁྱག་ཆུ་དང་འབར་གས་དང་མེ་སྐྱོན་སོགས་ཀྱི་འཆི་གསོན་ཉེན་ཁ་འཕྲད་ཀྱང་མདུན་དུ་མཆོངས་ཏེ་རང་སྲོག་བློས་བཏང་ནས་གཞན་གྱི་ཚེ་སྲོག་བསྐྱབས་པ་དང་ཉེན་ཁ་སེལ་མཁན་ཧྥེང་ཏུང་ཞ་དང་། སུང་མིང་ཅེ། ཆིང་ཞའོ་ཕེ། ཀྲང་ཞའོ་ཕིང་། ལིའུ་ཀུའེ་ཡོན། ཐན་ལེ། ཏེང་ཙེ་ལུང་སོགས་ཀྱང་ཡོད། ཅིན་ཁྲེང་ལུང་དང་། ཀྲང་ཧྥུའུ་ཁྲེན། སུང་ཡུས་ཅུན། མའེ་མའེ་ཐི་ཨའེ་ལི·དབྱི་སྨི་ཐི། མའེ་ཐི་ཁཱ་ཏིར·མའེ་ཐི་ཡཱ་སེན་བཅས་ཀྱིས་དཀའ་ཉེན་ཆེ་བའི་དུས་སུ་དཔའ་ངར་ཞུམ་མེད་ངང་གདོང་མཆོང་གིས་རང་ཉིད་ཀྱི་ཚེ་སྲོག་མི་དམངས་མང་ཚོགས་ལ་སྲུང་སྐྱོང་བྱེད་པའི་ཆེད་དུ་བློས་བཏང་སྟེ་ཡིད་སེམས་འགུལ་བའི་དུས་རབས་གསར་པའི་དཔའ་བོའི་སྙན་དབྱངས་བརྩམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།