དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཐུ་བྷོད་ཀྱི་ཕ་ས། ཆུ་གསུམ་གྱི་བག་ཆགས”ཞེས་པའི་རིག་གནས་ཡུལ་སྐོར་གྱི་རྒྱུ་ཆ་འཚོལ་བསྡུའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-02

    ཉིན་ཤས་གོང་། “ཐུ་བྷོད་ཀྱི་ཕ་ས། ཆུ་གསུམ་གྱི་བག་ཆགས”ཞེས་པའི་ཐུ་བྷོད་རིག་གནས་ཉམས་ལེན་དང་སྨྱན་སྦྱོར་གྱི་རྒྱུ་ཆ་འཚོལ་བསྡུའི་བྱེད་སྒོ་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་དུ་སྤེལ་འགོ་ཚུགས་ཤིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལག་ལེན་ལ་བརྟེན་ནས“ཐུ་བྷོད་ཀྱི་ཕ་ས”ཞེས་པའི་IPབཏོད་པར་མཐུན་རྐྱེན་སྦྱར་ཡོད།

    ཆུ་གསུམ་རྫོང་དུ་ལྷ་རྒྱ་རིའི་ཕོ་བྲང་དང་ཐུ་བྷོད་དུས་ཀྱི་གནའ་བོའི་བང་སོའི་ཚོགས་སོགས་རྩ་ཆེའི་རྗེས་ཤུལ་ཡོད་པ་དེ་ནི“བོད་ཀྱི་འབྱུང་ཁུངས་ལྷོ་ཁའི”རིག་གནས་སྤུས་རྟགས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་བྱེད་སྒོས་ལྷོ་ཁ་གྲོང་ཁྱེར་གྱི“སྣེ་གཅིག་ཁུལ་ལྔའི”འཐབ་ཇུས་ལ་དམ་པོར་དམིགས་ཏེ། ལྗོངས་ཕྱི་ནང་གི་སྨྱན་སྦྱོར་དང་། མཁས་དབང་། ཡུལ་སྐོར་བ་བཅས་འཐབ་ས་དང་པོར་གདན་དྲངས་ནས་རྗེས་ཤུལ་འཚོལ་ཞིབ་དང་། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན། དམངས་སྲོལ་འགྲེམས་སྟོན། རྒྱུ་ཆ་འཚོལ་བསྡུ་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཀུན་འདུས་སྨྱན་སྦྱོར་གྱི་མཐོང་ཟུར་ནས་ཆུ་གསུམ་གྱི་ལོ་རྒྱུས་རིག་གནས་དང་ས་མཐོའི་ཡུལ་སྲོལ་གོམས་གཤིས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།