ཁེ་ལས་གར་སྟེགས་ཡངས་པོ་རུ། མཁས་བརྒྱ་ཀུན་འདུས་གཅིག་ཏུ་འགྲན།

ཉེ་ཆར། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་སོགས་སྡེ་ཚན་དང་མཉམ་དུ་གཙོ་གཉེར་བྱས་པའི་2026ལོའི་འཚོ་བའི་ཞབས་ཞུའི་ལས་བསྡུའི་དུས་ཚིགས་ཀྱི་བོད་ཀྱི་ཆེད་དོན་དང་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་ལས་མི་བསྡུ་བའི་བྱེད་སྒོ་ཆེ་གྲས་རང་སྐྱོང་ལྗོངས་ཤེས་ལྡན་པའི་ཐང་ཆེན་དུ་སྤེལ་བ་རེད། ད་རེས་ཀྱི་བྱེད་སྒོར་མཐོ་སློབ་སློབ་ཐོན་སློབ་མ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་སོགས་གཙོ་གནད་ཚོགས་སྤྱིར་ཞབས་འདེགས་གནད་སྨིན་ཞུས་པར་ཁྱོན་མི་སྤྱོད་ཚན་པ་170ཞུགས་པ་དང་རིམ་རྩིས་བརྒྱབ་ན་ལས་ཞུགས་ལས་གནས་2028མཁོ་འདོན་བྱས་ཤིང་། འདི་ནི་ལས་མི་བསྡུ་བའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།