དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཁམ་བུའི་མེ་ཏོག་ཁྲ་ཆིལ་ལེར་བཞད་པའི་ཞིང་ཐང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-02

    ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྙེའུ་ཤང་ནི་བྱང་ཐང་གི་ལུང་ཤུར་དུ་གནས་ཡོད་ཅིང་། དེ་ནི་བྱང་ཐང་གི་དཔྱིད་ཀ་ཤར་སྔ་ཤོས་ཀྱི་ས་ཆ་ཞིག་རེད་ལ། ཡུལ་དེ་གའི་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཀྱང་རེད། ཉིན་ཤས་བསྟུད་མར་སྙེའུ་ཤང་དུ་ཁམ་བུའི་མེ་ཏོག་གི་འདབ་མ་ལྷུག་པོར་གྲོལ་ནས་ལྟ་བས་མི་ངོམ་པའི་མཛེས་ཉམས་ཤིག་ཆགས་ཡོད། 2026ལོའི་ལྷ་རི་རྫོང་གི་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་བཅུ་གཅིག་པ་ཟླ་4ཚེས་1ཉིན་ནས་ཚེས་3ཉིན་བར་སྙེའུ་ཤང་དུ་གཉེར་རྒྱུ་ཡིན་ཞིང་། ལྷ་རི་རྫོང་གིས་སྙེའུ་ཤང་གི་ཐུན་མོང་མ་ཡིན་པའི་ཁམ་བུའི་མེ་ཏོག་གི་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་སྟེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་ཞིག་གཏོད་པ་རེད། ད་ཆའི་སྙེའུ་ཤང་གིས་སྐྱེ་བོ་ཀུན་ལ་དུས་རབས་གསར་པའི་བོད་ཀྱི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་རྐྱང་ཞིག་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།