ཀྲུང་གོ་དང་སིང་ཀ་ཕོར་གྱི་གླེང་མོལ་བྱེད་སྒོར་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་བསྡུར་གཏིང་ཟབ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སིང་ཀ་ཕོར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སིང་ཀ་ཕོར་བཟོ་སྐྲུན་ཚོང་པའི་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“ཀྲུང་གོའི་འཕེལ་རྒྱས་ཀྱི་ལེའུ་གསར་པས་སིང་ཀ་ཕོར་གྱི་ས་གནས་དེ་གའི་ཁེ་ལས་ལ་མཐུན་རྐྱེན་སྦྱོར་བའི”གླེང་མོལ་བྱེད་སྒོ་སིང་ཀ་ཕོར་དུ་སྤེལ་བ་དང་། ཚོགས་ཞུགས་འཐུས་མིས་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལམ་སྐོར་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། ད་ཐེངས་ཀྱི་གླེང་མོལ་བྱེད་སྒོར་མི་200ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། ཚོགས་ཞུགས་མི་སྣས་ད་དུང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་གཤིས་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་ཡང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།