དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གིས་གློག་བརྙན《རོལ་དབྱངས་མཁས་ཅན》ཞེས་པའི་དམིགས་བསལ་འགྲེམས་སྟོན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-31

    ཉེ་ཆར། ཀྲུང་གོ་དང་ཧ་སག་སི་ཐན་གྱིས་མཉམ་དུ་པར་ལེན་བྱས་པའི་གློག་བརྙན《རོལ་དབྱངས་མཁས་ཅན》ཞེས་པའི་དམིགས་བསལ་འགྲེམས་སྟོན་བྱེད་སྒོ་ཨུ་རུ་སུའི་མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དུ་སྤེལ་ཞིང་། མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དང་ཨུ་རུ་སུ་ཕྱི་འབྲེལ་པུའི་ཕྱི་འབྲེལ་སློབ་གླིང་སོགས་ཀྱི་དགེ་སློབ་ཀྱི་འཐུས་མི་དང་། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཕྱི་འབྲེལ་དཔོན། 《རོལ་དབྱངས་མཁས་ཅན》གྱི་བརྩམས་ཆོས་འདོན་མཁན་སོགས་བྱེད་སྒོར་ཞུགས་པ་རེད།

    མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ཡོན་ཀྲང་ཨ་ན་ཐོ་ལི·ཐོར་ཁུའུ་ནོ་ཧྥུའུ་ཡིས། 《རོལ་དབྱངས་མཁས་ཅན》ཞེས་པ་དེ་འཛམ་གླིང་དམག་ཆེན་གཉིས་པའི་རིང་ཀྲུང་གོའི་རོལ་དབྱངས་མཁས་ཅན་ཤེན་ཞིང་ཧའེ་མོ་སི་ཁོ་བརྒྱུད་ནས་ཧ་སག་སི་ཐན་གྱི་ཨ་ལ་མུའུ་ཐུའུ་རུ་བསྐྱོད་པའི་ངོ་མཚར་གྱི་གཏམ་རྒྱུད་མ་དཔེར་བཟུང་སྟེ་གསར་རྩོམ་བྱས་པ་ཞིག་རེད། དེའི་ནང་ཨུ་རུ་སུ་དང་། ཀྲུང་གོ ཧ་སག་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་ལོ་རྒྱུས་ཀྱི་མཛའ་གྲོགས་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།