དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་གཞུང་དོན་ཁང་དང་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས།

    “3·15”ཡི་དགོང་ཚོགས་ལ་དམར་འདོན་བྱས་པའི་གནད་དོན་བཅོས་སྒྲིག་བྱེད་དགོས་པའི་སྒྲུབ་སྐུལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-31

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་གཞུང་དོན་ཁང་གིས་2026ལོའི“3·15”ཡི་དགོང་ཚོགས་ལ་དམར་འདོན་བྱས་པའི་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་ཁྲེང་ཏུའུ་གྲོང་ཁྱེར་དང་། ཁྲུང་ཆིང་གྲོང་ཁྱེར་གྱི་ཧོ་ཁྲོན་ཆུས་སྲིད་གཞུང་གི་འགན་འཁུར་བ་སྐོང་འདྲི་བྱས་ཏེ། ས་གནས་ཀྱིས་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་ནན་པོ་དང་། གནད་དོན་གྱི་འབྱུང་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ། ལས་ཀའི་ཁྲོད་ཀྱི་ཞན་ཆ་འཚོལ་ཞིབ་ནན་པོ་བཅས་བྱེད་པར་སྐུལ་མ་བཏང་བ་མ་ཟད། ཟུར་བསྟན་ལེབ་མཐོང་དང་བྱ་ཐབས་ནུས་ལྡན་སྤྱད་དེ་བཅོས་སྒྲིག་བྱས་ནས། མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་ཏན་ཏིག་བྱེད་དགོས་པའི་བརྡ་ཁྱབ་བཏང་བ་རེད།

    སྐོང་འདྲི་བྱེད་སྐབས་བླང་བྱ་བཏོན་དོན། འབྲེལ་ཡོད་ས་གནས་སྲིད་གཞུང་གིས་བཟའ་བཅའི་བདེ་འཇགས་ལས་དོན་དང་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འགན་འཁྲི་འཁུར་སེམས་དང་། དགོས་གཏུགས་ཀྱི་བསམ་པ། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་བ། “ནན་ཤོས་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། དགོང་ཚོགས་ལ་དམར་འདོན་བྱས་པའི་གནད་དོན་ཁྲིམས་བཞིན་སྔོག་འདོན་དང་ཞིབ་བཤེར་མཐར་ཕྱིན་པ་བྱས་ནས་ཆད་པ་ནན་པོ་གཅོད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་གཏན་འབེབས་དང་། སྒྲིག་ཁྲིམས། བཅའ་ཁྲིམས་ལྟར་འབྲེལ་ཡོད་འགན་འཁུར་ཚན་པ་དང་འགན་འཁུར་བར་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས“གྱོད་གཅིག་ཉིས་བཤེར”ནན་པོ་བྱེད་དགོས། གནད་དོན་ལས་བསླབ་བྱ་ཟབ་མོ་ལེན་པ་དང་། ཟུར་བསྟན་ལེབ་མཐོང་གི་སྒོ་ནས་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱེད་པ། འཁོར་འབྲེལ་ཧྲིལ་པོ་དང་ཁྱབ་ཁོངས་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་འགོག་ཟོན་དང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གནད་དོན་དེ་རིགས་བསྐྱར་དུ་མ་ཐོན་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་གྱིས་བདེ་འཇགས་དང་བློ་བདེའི་འཛད་སྤྱོད་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།