སྤོ་བོ་རྫོང་དུ་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུ་རྫོང་ཁོངས་ཡོངས་སུ་ཁྱབ་པ།
ཉེ་ཆར། གསར་འགོད་པར་སྤོ་བོ་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ནས་ཤེས་རྟོགས་བྱུང་བར། ད་ཕན་ལོ་ཤས་རིང་སྤོ་བོ་རྫོང་གིས་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ལས་དོན་དེ་དམངས་འཚོའི་དོན་དངོས་གལ་ཆེན་གྱི་གྲས་སུ་བཅུག་ནས་བཟའ་བཏུང་ཞབས་ཞུ་རིམ་བཞིན་ཡོངས་ཁྱབ་བྱུང་ཐོག་རྫོང་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་ལྟོ་ཆས་ཚ་པོའི་དཀའ་གནད་ཐག་གཅོད་ཏན་ཏིག་ཐུབ་པ་རེད།
སྤོ་བོ་རྫོང་གིས“2026ལོར་རྫོང་ཡོངས་ཀྱི་ཤང(གྲོང་རྡལ)གི་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་ཡོངས་ཁྱབ་ཐུབ་པའི”དམིགས་ཚད་ལ་གཞིགས་ནས་གྲོང་ཁུལ་གྱི་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་བདུན་དང་ཤང་དང་གྲོང་རྡལ་གྱི་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་བཅུ་བཙུགས་ཏེ། ཚད་ལྡན་ཅན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་ཁྱོན་17བསྐྲུན་པར། རྫོང་དེ་ཡོངས་ཀྱི་གྲོང་ཁུལ་དང་ཤང(གྲོང་རྡལ)རིམ་པའི་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུ་ཡོངས་ཁྱབ་བྱུང་ནས་ལོ་60ཡན་གྱི་རྒན་རྒོན་3500ལྷག་ཙམ་ལ་ཕན་པ་ཐོབ་པ་དང་རྒན་རྒོན་ཚོར་དེ་བས་སྟབས་བདེ་ལ་སྤུས་ཀ་དག་པའི་བཟའ་བཏུང་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད།
འབྲེལ་ཡོད་གསར་འགྱུར།