ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་གཏམ་བཤད་འགྲན་བསྡུར་ཆེན་པོ་སྐབས་གསུམ་པ་འགོ་ཚུཌ་པ།
ཉེ་ཆར། ཆབ་མདོའི་དཔེ་མཛོད་ཁང་དུ་གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་པོ་སྐབས་གསུམ་པའི་གྲོང་ཁུལ་གྱི་ཐོག་མའི་འགྲན་བསྡུར་བྱས་པ་རེད།
ད་ཐེངས་ཀྱི་ཐོག་མའི་འགྲན་བསྡུར་ནང་གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཁག་དང་། གྲོང་ཁྱེར་ཐད་གཏོགས་སློབ་གྲྭ་ཁག དེ་བཞིན་བྱམས་པ་གླིང་དགོན་དོ་དམ་ཨུ་ལྷན་བཅས་ཀྱི་གཞོན་ནུ་ལོ་ཆུང་30ལྷག་ཙམ་ཞུཌ་ནས་མཉམ་དུ་འགྲན་བསྡུར་བྱས་ཤིང་། དཔྱད་འདེམས་ཨུ་ཡོན་གྱིས་ཞིབ་དཔྱད་ནན་པོ་བྱས་པ་བརྒྱུད། མཐར་གཞོན་ནུ་ཚོགས་ཆུང་གི་མི་2དང་། ལོ་ཆུང་ཚོགས་ཆུང་གི་མི་2 ཆོས་ལུགས་གཞོན་ནུ་ཚོགས་ཆུང་གི་མི་1བཅས་བསྐྱར་འགྲན་ནང་ཚུད་ཡོད། རྗེས་མར་རྫོང་དང་ཆུས་11གི་བདམས་ཐོན་པ་48དང་མཉམ་དུ་བསྐྱར་འགྲན་བྱེད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།