དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཞིང་པར་རོགས་རམ་བྱས། དམངས་ཀྱི་སེམས་ཁྲལ་བསལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-31

    འདི་ནི་དང་བླངས་པས་རླམ་རྩྭ་ཕོ་སུལ་བསྡུ་བཞིན་པ།

    མིག་སྔར་རླམ་རྩྭ་ཕོ་སུལ་བསྡུ་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། མེ་ཏོག་རྫོང་དགུ་ཐང་ཤང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གིས་དང་བླངས་ཞབས་ཞུའི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་དང་བླངས་པ་20ལྷག་ཙམ་སྒྲིག་འཛུགས་བྱས་ནས་དགུ་ཐང་ཤང་ཉི་རི་ཁ་ནགས་གསེབ་ཐོན་ཁུངས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དུ་བསྐྱོད་པ་དང་། “ཞིང་རོགས་བརྔ་བསྡུ། དྲོ་སྐྱིད་དགུ་ཐང”ཞེས་པའི་བརྗོད་དོན་གཙོ་བོའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་མཉམ་ལས་ཁང་ལ་རོགས་རམ་བྱས་ཏེ་ལས་མི་ཁ་ཐང་བའི་དཀའ་ངལ་བསལ་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།