གྱོན་གོས་སྲབ་ཏུ་གཏོང་བར་བྲེལ་བ་མ་གནང་། དྲོད་ཚད་ཆག་པ་འདུག
ཟླ་3ཚེས་29ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་བ་དང་སྔོན་དཔག་བྱས་ན་མ་འོངས་ཉིན་10(ཟླ་3ཚེས་30ཉིན་ནས་ཟླ་4ཚེས་8ཉིན་བར)ཡི་རིང་། རང་ལྗོངས་ཀྱི་ཤར་རྒྱུད་དུ་གངས་སམ་ཆར་པ་ཡང་སེ་འབབ་རྒྱུ་ཡིན་པ་དང་། ཟླ་4ཚེས་1དང་2ཉིན་དང་ཟླ་4ཚེས་5ནས་7ཉིན་བར་ས་ཆ་ཁག་གཅིག་ལ་གངས་སམ་ཆར་པ་ཆེན་པོ་འབབ་རྒྱུ། ཉིང་ཁྲིར་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ཏུ་གངས(ཆར་པ)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་ཡིན་ཞིང་། མེ་ཏོག་རྫོང་དང་སྤོ་བོ་རྫོང་གི་ས་བབ་མཐོ་བའི་རི་ཁུལ་དུ་གངས་ཆེན་པོ་འབབ་པ་ནས་ཁ་བ་བུ་ཡུག་འཚུབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོ། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་བཅས་སུ་གནམ་འཐིབས་ནས་གངས(ཆར་པ)ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ། ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། གངས་བབས་རྗེས་ནུབ་ནས་ཤར་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ་དང་ས་ཆ་ཁག་གཅིག་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ་8ཡན་ཆག་རྒྱུ། དེའི་རིང་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་7ཡས་མས་རྒྱག་རྒྱུ།
གནམ་གཤིས་སྟོན་ཚུལ་གཙོ་བོ།
ཟླ་3ཚེས་30དང་31ཉིན། ཉིང་ཁྲིའི་ཤར་རྒྱུད་དང་ལྷོ་རྒྱུད་དུ་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ཉིང་ཁྲིའི་དབུས་རྒྱུད་དང་ནུབ་རྒྱུད་དང་། མངའ་རིས་ཀྱི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད། ཆབ་མདོའི་བྱང་རྒྱུད། ནག་ཆུའི་ཤར་རྒྱུད། ལྷ་སའི་ཤར་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།
ཟླ་4ཚེས་1དང་2ཉིན། ཉིང་ཁྲིར་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་ཡིན་ཞིང་། མེ་ཏོག་རྫོང་དང་སྤོ་བོ་རྫོང་གི་ས་བབ་མཐོ་བའི་རི་ཁུལ་དུ་གངས་ཆེན་པོ་འབབ་པ་ནས་ཁ་བ་བུ་ཡུག་འཚུབ་རྒྱུ་དང་། ཆབ་མདོ་དང་ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་དུ་གནམ་འཐིབས་ནས་གངས(ཆར་པ)ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ། ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ལྷོ་ཁའི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། གངས་བབས་རྗེས་ནུབ་ནས་ཤར་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ་དང་ས་ཆ་ཁག་གཅིག་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ་8ཡན་ཆག་རྒྱུ།
ཟླ་4ཚེས་3དང་4ཉིན། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲིའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།
ཟླ་4ཚེས་5ནས་8ཉིན་བར། ཉིང་ཁྲིར་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ཏུ་གངས(ཆར་པ)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་ཡིན་ཞིང་། མེ་ཏོག་རྫོང་དང་སྤོ་བོ་རྫོང་གི་ས་བབ་མཐོ་བའི་རི་ཁུལ་དུ་གངས་ཆེན་པོ་འབབ་པ་ནས་ཁ་བ་བུ་ཡུག་འཚུབ་རྒྱུ་དང་། གཞིས་རྩེའི་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོ། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་བཅས་སུ་གནམ་འཐིབས་ནས་གངས(ཆར་པ)ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ། ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་གངས(ཆར་པ)ཐ་ཐོར་ཡུད་ཙམ་འབབ་རྒྱུ། གངས་བབས་རྗེས་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ།
དེའི་རིང་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་རྒྱུད་དང་ཆབ་མདོར་ཉིན་དགུང་ཡོལ་རྗེས་ཐོལ་རླུང་རིམ་པ་5ཡས་མས་འཚུབ་རྒྱུ།
འབྲེལ་ཡོད་གསར་འགྱུར།