དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དང་བླངས་ཞབས་ཞུ་སྤེལ་ནས་རྨ་ཆུ་བསྲུངས། ཁྲི་ཀའི་ཡུལ་ལྗོངས་སྔར་བས་མཛེས་སྡུག་ལྡན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-30

    འདི་ནི་བྱེད་སྒོ་གཙོ་བོའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

    པར་འདི་གཉིས་ནི་དང་བླངས་པས་རྨ་ཆུའི་ངོགས་སུ་གད་སྙིགས་སྒྲུག་བཞིན་པ།

    ཉེ་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་གིས“དྭངས་གཙང་རྨ་ཆུ་བསྲུངས། ལྗང་མདོག་ཁྱིམ་གཞིས་བསྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། ཁྲི་ཀ་རྫོང་གི་ཁྱད་ལྡན་དང་བླངས་ཞབས་ཞུའི་རུ་ཁག་28དེའི་ནང་ཧུར་ཐག་ཞུགས་ནས། རྨ་ཆུ་རྒྱུག་ཁུལ་དུ་ཁོར་ཡུག་གཙང་སྦྲའི་བྱེད་སྒོ་སྤེལ་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་རྨ་ཆུའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ཁྲི་ཀ་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་པའི་ཞབས་ཞུ་ཏན་ཏིག་སྤེལ་ནས་རྫོང་ཡོངས་སུ་མིང་ངོ་མ་བཀོད་པའི་དང་བླངས་པ་5000ཡན་ཟིན་ཏེ། ཁྱད་ལྡན་དང་བླངས་ཞབས་ཞུའི་རུ་ཁག་གསོ་སྐྱོང་བྱས་པ་དང་། མང་ཚོགས་དང་འབྲེལ་འདྲིས་ཟབ་པའི་ཞབས་ཞུའི་རྣམ་པ་ཁྱབ་གདལ་བཏང་བས་མང་ཚོགས་ཀྱི་དགོས་མཁོ་དང་དང་བླངས་ཞབས་ཞུ་གནད་ལ་འཁེལ་པོས་མཐུན་སྦྱོར་བྱུང་བ་མ་ཟད། ད་དུང་དཔུང་ཁག་གིས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་དང་། སྐྱེ་ཁམས་སྲུང་སྐྱོང་། ཉམས་ཞན་ལ་རོགས་སྐྱོར་སོགས་ཀྱི་བྱེད་སྒོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ནས། ཤེས་དཔལ་ལག་ལེན་དེ་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་ནང་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་བས། མི་ཚང་མ་ཞུགས་པ་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།