དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི“བགྲོད་ལམ་ཤར་མའི”འགག་སྒོའི་ཟམ་པ་རིང་ཤོས་ལས་འགོ་བསྐྱར་དུ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-30

    ཉེ་ཆར། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི“བགྲོད་ལམ་ཤར་མ”ཅ་མུའུ་སི་ནས་ཐུང་ཅང་གཙང་པོའི་བར་གྱི་ལྕགས་ལམ་སྒྱུར་བཀོད་ལས་གྲྭའི་ཐུང་ཅང་གཙང་པོའི་ཟམ་ཆེན་དངོས་སུ་ལས་འགོ་བསྐྱར་དུ་ཚུགས་ཡོད། ཅ་ཐུང་ལྕགས་ལམ་གྱི་ནུས་སྐྱེད་སྒྱུར་བཀོད་ལས་གྲྭ་དེ་ནུབ་ཅ་མུའུ་སི་གྲོང་ཁྱེར་ནས་འགོ་ཚུགས་པ་དང་ཤར་ཅ་མུའུ་སི་འབབ་ཚུགས་དང་འབྲེལ་ཏེ་མཇུག་མཐར་ཐུང་ཅང་གཙང་པོའི་འབབ་ཚུགས་བྱང་མར་འགྲིལ་ཡོད་པས། དེ་ནི་ཟོག་འདྲེན་གཙོ་བོ་དང་འགྲུལ་སྐྱེལ་མཉམ་འབྲེལ་གྱི་ལྕགས་ལམ་ཨ་མ་ཞིག་ཡིན་པ་རེད།

    ཅ་ཐུང་ལྕགས་ལམ་གྱི་ནུས་སྐྱེད་སྒྱུར་བཀོད་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི“བགྲོད་ལམ་ཤར་མའི”གྲས་ཤིག་ཡིན་པའི་ཐུང་ཅང་གཙང་པོ་འགག་སྒོའི་རྒྱབ་ཕྱོགས་བགྲོད་ལམ་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཏེ་ལམ་ཐིག་ཏུ་མེ་འཁོར་ཤར་བགྲོད་ཐུབ་ཚད་ལྡབ་3ཡན་ཆེ་རུ་འགྲོ་རྒྱུ་རེད།

    འདི་ནི་ལག་རྩལ་པས་ཅ་མུའུ་སི་ནས་ཐུང་ཅང་གཙང་པོའི་ལྕགས་ལམ་བར་གྱི་སྒྱུར་བཀོད་ལས་གྲྭའི་ཐུང་ཅང་གཙང་པོའི་ཟམ་ཆེན་སྐྲུན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།