དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་གཉིས་པའི་བར་རང་རྒྱལ་གྱི་སྤྱི་ཚོགས་ཟོག་འགྲུལ་དངུལ་འབོར་སྒོར་དུང་ཕྱུར་ཁྲི་58.6ཟིན་པ།

    དུས་མཚུངས་ལས་6.7%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-30

    ཚེས་27ཉིན། ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་བ་དང་པོ་ནས་གཉིས་པའི་བར་རང་རྒྱལ་གྱི་སྤྱི་ཚོགས་ཟོག་འགྲུལ་དངུལ་འབོར་སྒོར་དུང་ཕྱུར་ཁྲི་58.6ཟིན་པ་དེ་དུས་མཚུངས་ལས་6.7%འཕར་བ་དང་། ཟོག་འགྲུལ་ལས་རིགས་དར་རྒྱས་ཀྱི་སྟོན་གྲངས་ཆ་སྙོམས་49.4%ཟིན་ནས་སྤྱི་ཡོངས་བརྟན་པོའི་ངང་སླར་གསོ་ཐུབ་ཡོད།

    ཁྱབ་ཁོངས་ཁག་གི་ཟོག་འགྲུལ་དགོས་མཁོ་ལོ་གོང་མའི་དུས་མཚུངས་ལས་ཅུང་མགྱོགས་སུ་ཕྱིན་ཡོད་ཅིང་། ཟླ་བ་དང་པོ་ནས་གཉིས་པའི་བར་བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲུལ་དངུལ་འབོར་དུས་མཚུངས་ལས་6.3%འཕར་ནས་སྤྱི་ཚོགས་ཟོག་འགྲུལ་དངུལ་འབོར་འཕར་བར་ལེགས་སྐྱེས་འབུལ་ཚད་80%ལས་བརྒལ་ཡོད། དེའི་ནང་བཟོ་ལས་ཞིབ་དབྱེའི་ལས་རིགས་འཕར་ཚད་བཅུ་ཆ་བརྒྱད་ལས་བརྒལ་ཞིང་། རྩིས་འཁོར་དང་། འཕྲིན་གཏོང་། གློག་རྡུལ་སྒྲིག་ཆས་བཟོ་སྐྲུན་ལས་རིགས་གཞན་དག་བཅས་དང་། ལྕགས་ལམ་དང་། གྲུ་གཟིངས། མཁའ་འགྲུལ། འཇིག་རྟེན་འཕུར་སྐྱོད་སོགས་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ཁྱབ་ཁོངས་ཀྱི་འཕར་ཚད་ཚང་མ་10%ལས་བརྒལ་ཡོད། རྒྱུན་སྤྱོད་སྒྲིག་ཆས་དང་། ཆེད་སྤྱོད་སྒྲིག་ཆས། གློག་རླངས་འཕྲུལ་ཆས། ཡོ་བྱད་བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་ཀྱི་འཕར་ཚད་8.5%ཡན་ཟིན་ཡོད།

    ཚན་པ་དང་གྲོང་མིའི་ཟོག་འགྲུལ་དགོས་མཁོ་བརྟན་པོའི་ངང་འཕར་ཞིང་། ཟླ་བ་དང་པོ་ནས་གཉིས་པའི་བར་ཚན་པ་དང་གྲོང་མིའི་དངོས་ཟོག་ཟོག་འགྲུལ་དངུལ་འབོར་དུས་མཚུངས་ལས་9.4%འཕར་ཡོད། དུས་ཐོག་སིལ་ཚོང་དང་ཐད་གཏོང་ཟོག་ཚོང་སོགས་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་འཛད་སྤྱོད་ཟོག་འགྲུལ་གྱི་དགོས་མཁོ་གསར་པ་འཕར་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། ཟླ་བ་དང་པོ་ནས་གཉིས་པའི་བར་དྲ་ཐོག་ཚོང་ཟོག་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་10.3%འཕར་ནས་2024ལོའི་ཟླ་བ་6པ་ཚུན་གྱི་འཕར་ཚད་མཐོ་ཤོས་ཟིན་པ་དེས་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་དངུལ་འབོར་གྱི་བསྡུར་གྲངས་བཟུང་ཚད་24.2%བཟུང་ཡོད། གྲོང་གསེབ་ཀྱི་འཛད་སྤྱོད་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་ལས་མགྱོགས་པ་དང་། རྫོང་དང་ཤང་གི་འཛད་སྤྱོད་བསྡུར་གྲངས་བཟུང་ཚད་བརྟན་པོའི་ངང་འཕར་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐུན་མོང་སྡེབ་སྐྱེལ། དེ་བཞིན་ཞིང་ལས་ཐོན་རྫས་མཁོ་སྤྲོད་བཅས་ཀྱི་ཟོག་འགྲུལ་གྱི་དགོས་མཁོ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།

    ཟོག་འདྲེན་དྲ་རྒྱ་ཤར་གཏོང་ཐུབ་ནས་ནུས་ཆེའི་འཁོར་རྒྱུག་ཤར་གཏོང་རྒྱུན་འཁྱོངས་ཐུབ་པ་དང་། སྐྱེལ་འདྲེན་གྲུབ་ཆ་མགྱོགས་མྱུར་ལེགས་སུ་ཕྱིན་ཡོད། ཟླ་བ་དང་པོ་ནས་གཉིས་པའི་བར་ལྕགས་ལམ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་1.6%འཕར་བའི་ནང་དོས་སྒམ་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་10.5%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།