ཟླ་བ་དང་པོ་དང་གཉིས་པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་15.2%འཕར་བ།
གསར་འགོད་པར་ཟླ་3ཚེས་27ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་10245.6བྱུང་བ་དེ་དུས་མཚུངས་ལས་15.2%འཕར་ཡོད་པ་རེད།
ཟླ་བ་དང་པོ་དང་གཉིས་པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་5.3%འཕར་ཡོད་ཅིང་། ལོ་གོང་མའི་ལོ་འཁོར་མོ་དང་བསྡུར་ན་བརྒྱ་ཆའི་གྲངས་4.2འཕར་ཡོད་པ་དང་། ཚོང་གཉེར་ཡོང་འབབ་མངོན་གསལ་དོད་པོས་འཕར་བས་ཁེ་ལས་ལ་སླར་ཡང་ཁེ་སྤོགས་ཡོང་བར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད།
ཟླ་བ་དང་པོ་དང་གཉིས་པར་གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་8.9%འཕར་བ་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཆ་ཚང་ལས་བརྒྱ་ཆའི་གྲངས་3.6གིས་མཐོ་བ་ཡོད་པ་དང་། ཚོང་གཉེར་ཡོང་འབབ་མགྱོཌ་མྱུར་འཕར་ནས་གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་23.5%འཕར་བར་སྣེ་ཁྲིད་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།