ཟླ་དང་པོ་དང་གཉིས་པར་བཟོ་སྐྲུན་འཕྲུལ་ཆས་ཕྱིར་གཏོང་དངུལ་འབོར་33.4%འཕར་བ།
གསར་འགོད་པར་ཀྲུང་གོ་བཟོ་སྐྲུན་འཕྲུལ་ཆས་བཟོ་ལས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་དང་གཉིས་པར། རང་རྒྱལ་གྱི་བཟོ་སྐྲུན་འཕྲུལ་ཆས་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་110.72ཟིན་པ་དེ་དུས་མཚུངས་ལས་31.4%འཕར་ཡོད། དེའི་ནང་ཕྱིར་གཏོང་དངུལ་འབོར་ཨ་སྒོར་དུང་ཕྱུར་106.86ཟིན་པ་དེ་དུས་མཚུངས་ལས་33.4%འཕར་ཡོད་པ་རེད།
ཕྱིར་གཏོང་ས་ཁུལ་ནས་བལྟས་ན། གླིང་ཆེན་ཆེ་གྲས་ཁག་གི་བཟོ་སྐྲུན་འཕྲུལ་ཆས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཚང་མ་འཕར་ཡོད་ཅིང་། དེའི་ནང་ཨ་ཧྥེ་རི་ཁར་ཕྱིར་གཏོང་བྱེད་ཚད་77%བར་འཕར་བ་དང་། རྒྱ་མཚོ་ཆེན་པོའི་གླིང་ཆེན་ལ་ཕྱིར་གཏོང་བྱེད་ཚད་50.6%འཕར་བ། ཡོ་རོབ་ལ་ཕྱིར་གཏོང་བྱེད་ཚད་28.1%འཕར་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་དང་ས་ཁུལ་ལ་ཕྱིར་གཏོང་དངུལ་འབོར་ཨ་སྒོར་དུང་ཕྱུར་46.38ཟིན་ནས་ཕྱིར་གཏོང་དངུལ་འབོར་ཡོངས་ཀྱི་43.4%བཟུང་བ་དེ་དུས་མཚུངས་ལས་24.6%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།