དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་9ཡིས་ཆེད་དོན་བྱ་སྤྱོད་སྤེལ་བ།

    བྱེད་ཐབས་ཁག་50སྤྱད་དེ་ཕྲན་ཚེགས་གཉེར་སྐྱོང་བྱེད་པོའི་འཕེལ་རྒྱས་ལ་རམ་འདེཌ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-29

    ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་ཁག་དང་མཉམ་དུ་བརྡ་ཐོ་བཀྲམ་ནས། 2026ལོར་ཕྲན་ཚེགས་གཉེར་སྐྱོང་བྱེད་པོའི་འཕེལ་རྒྱས་ལ་རམ་འདེཌ་བྱེད་པའི“དཔྱིད་ཆར་གྱིས་མྱུ་གུ་འབུས་པའི”ཆེད་དོན་བྱ་སྤྱོད་མཉམ་དུ་སྤེལ་ནས་རྣམ་གྲངས་15ཡི་ཞབས་ཞུའི་བྱེད་ཐབས་ཁག་50བཏོན་ཏེ་ཕྲན་ཚེགས་གཉེར་སྐྱོང་བྱེད་པོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།

    ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད། ཁྲལ་དོན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁེ་ལས་གཉེར་བ་དང་། ས་ཁོངས་བསྒྲལ་ནས་སྤོ་བ། ཁེ་ལས་ཐོ་ཁོངས་ནས་སུབ་པ་སོགས་ཀྱི་ལས་དོན་ནུས་ཆེའི་ལེགས་བསྡུས་ཞིབ་གཉེར་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་དང་སྨན་བཅོས་འགན་བཅོལ“ཁང་གཅིག་ནས་མཉམ་སྒྲུབ་བྱེད་པའི”ཞབས་འདེགས་ཞུ་སྟངས་སུ་རིམ་སྤོར་བྱེད་པ་དང་། “ཁེར་རྐྱང་བཟོ་ཚོང་དུད་ཚང་ཁེ་ལས་ལ་སྒྱུར་བའི”གསོ་སྐྱོང་གི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། “ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་ཟླ་བ”དང“རྒྱལ་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཞབས་ཞུའི་ཟླ་བ”སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

    སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་ལ་ཁྲིད་སྟོན་དང་ཚད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཁྲལ་དོན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཕྲན་ཚེགས་གཉེར་སྐྱོང་བྱེད་པོ་དང་འབྲེལ་བའི་ཁེ་ལས་ལ་ཕན་པའི་སྲིད་ཇུས་དང་ཞབས་ཞུའི་བྱེད་ཐབས་བསྡུ་སྒྲིལ་གྱིས་ཕྲན་ཚེགས་གཉེར་སྐྱོང་བྱེད་པོར་སྒྲིག་སྲོལ་དང་མཐུན་པའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་ཁྲིད་སྟོན་བྱེད་པ་དང་། དངུལ་རྩ་ལྟ་འདོམས་སྡེ་ཚན་དང་དངུལ་ཁང་སྒྲིག་གཞི་དང་མཉམ་དུ“དངུལ་ཁང་དང་ཁྲལ་དོན་མཉམ་འགུལ”གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།

    འདི་ལོ་གཙོ་གནད་ཐོག “དཔྱིད་ཆར་གྱིས་མྱུ་གུ་འབུས་པའི”ཆེད་དོན་བྱ་སྤྱོད་དེ་རྒྱུན་རྣམ་ཅན་གྱི་ཞབས་ཞུར་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་རེད། གཞི་གྲངས་མཉམ་སྤྱོད་དང་བཀོལ་སྤྱོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྲིད་དོན་ནུས་ཆེའི་ཞབས་ཞུ་དང་། སྒྲིག་སྲོལ་དང་མཐུན་པའི་དྲན་སྐུལ། ཡིད་རྟོན་དེ་གནས་ཐང་འཕར་བར་སྒྱུར་བ་སོགས་ཀྱི་ཐད་གསར་གཏོད་བཀོལ་སྤྱོད་རྣམ་པ་ཁག་གཅིག་གཏོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། མཉམ་འགུལ་རེ་ཞུའི་བརྡ་ལན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“མཉམ་དུ་དོན་དག་གཅིག་ཐག་གཅོད་བྱེད་པ”ནས“ཐུན་མོང་ཐོག་དོན་དག་ཁག་གཅིག་ཡག་པོ་སྒྲུབ་པའི”བར་རིམ་སྤོར་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།