དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུས་2026ལོའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་སློབ་གསོའི་གཟའ་འཁོར་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-29

    འདི་ལོའི་ཟླ་3ཚེས་30ཉིན་ནི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་སོ་གཅིག་པ་ཡིན་ཞིང་། བདེ་འཇགས་སློབ་གསོའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་དང་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་སློབ་གསོ་པུས་བརྡ་ཐོ་བཏང་སྟེ། ཟླ་3ཚེས་30ཉིན་ནས་ཟླ་4ཚེས་3ཉིན་བར། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་སློབ་གསོའི་གཟའ་འཁོར་བྱེད་སྒོ་སྤེལ་རྒྱུའི་གཏན་འཁེལ་བྱས་པ་དང་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“མཉམ་དུ་སྲུང་སྐྱོང་བྱས་ནས་མཉམ་དུ་འཚར་ལོངས་ཡོང་བ་བྱེད”ཅེས་པ་དེ་ཡིན་པ་རེད།

    བརྡ་ཐོའི་ནང་ཁ་གསལ་བསྟན་དོན། ས་གནས་ཁག་དང་སློབ་གྲྭ་ཁག་གིས་བྱེད་སྒོའི་བརྗོད་དོན་གཙོ་བོར་དམིགས་ཏེ། སྤྱི་བདེ་དང་། འཕྲལ་སྡོམ་དོ་དམ། ཁྲོམ་ར་ལྟ་འདོམས། མེ་ཟོན་རོགས་སྐྱོབ། ས་ཡོམ་སོགས་སྡེ་ཚན་དང་མཉམ་དུ་དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་། འགྲིམ་འགྲུལ་གྱི་བདེ་འཇགས། མེ་ཟོན་གྱི་བདེ་འཇགས། བཟའ་བཅའི་བདེ་འཇགས། དྲ་རྒྱའི་བདེ་འཇཌ། བརྙས་བཅོས་འགོག་པ། ཆུར་མི་ལྷུང་བ། བཙན་གཡེམ་མི་ཕོག་པ། བསླུ་འཚོང་མི་ཤོར་བ། ཁ་བསླུས་མི་ཐེབས་པ། གཏུམ་སྤྱོད་ཀྱི་གནོད་འཚེ་འགོག་པ། དུག་མི་འཐེན་པ། སེམས་ཁམས་བདེ་ཐང་སོགས་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་སྤེལ་ཏེ། སློབ་མར་བདེ་འཇགས་ཀྱི་ཤེས་བྱ་སློབ་སྦྱོང་དང་འགོག་སྲུང་གི་རྩལ་ནུས་ཤེས་པ་བྱེད་པར་ཁྲིད་སྟོན་གྱིས་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་དང་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་དགོས།

    བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་དང་སློབ་གྲྭ་ཁག་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་དང་སློབ་མའི་ལོ་ཚོད་ཀྱི་ཁྱད་ཆོས་དང་ཤེས་པའི་ཆོས་ཉིད་ལ་གཞི་ཚུགས་ཏེ། བྱེད་སྒོའི་གཞི་རྟེན་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་ཀྱིས་བདེ་འཇགས་ཤེས་བྱའི་འགྲན་བསྡུར་སྤེལ་བ་དང་། བརྗོད་དོན་གཙོ་བོའི་འཛིན་གྲྭའི(སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་ཁག)ཚོགས་འདུ་འཚོག་པ། འཕྲལ་སྡོམ་གྱི་ཁ་འགྲེམས་ནང་སྦྱོང་བྱེད་པ། ལད་ཟློས་ནང་སྦྱོང་བྱེད་པ། བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་བ། གྱོད་དཔེ་དྲངས་ནས་ཉེན་བརྡ་གཏོང་བ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད། སློབ་མ་དངོས་སུ་ཞུགས་སུ་བཅུག་ནས་མྱོང་རོལ་དང་སྤེལ་རེས་ཀྱི་ཁྲོད་ནས་བདེ་འཇགས་ཀྱི་ངོས་འཛིན་ཟབ་ཏུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།