དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་གནང་བའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ》དཔེ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་གནང་བའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ》དཔེ་སྐྲུན་བྱས་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོཌ་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་སྤྱི(ཡོན་ཀྲང)ཁྲེན་ཞི་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཚོགས་ཞུགས་འཐུས་མི་ཚོས། དུས་རབས་གསར་པ་ཤར་ཚུན་དུ། དབུལ་ཕོངས་ལས་སྒྲོལ་བར་བྱེད་པའི་འཛམ་གླིང་གི་དཀའ་གནད་མདུན་དུ་ཀྲུང་གོ་གུང་ཁྲན་ཏང་གིས་དབུལ་པོ་དབུལ་ནག་གི་དཀའ་གནད་སེལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་བྱས་ཏེ། མི་དམངས་བློ་ཡིད་ཚིམ་པ་དང་འཛམ་གླིང་གིས་དོ་སྣང་བྱེད་པའི་དུས་རབས་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད། 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་གནང་བའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ》ཞེས་པའི་ནང“གཏམ་རྒྱུད་ཆུང་ངུ་བཤད་དེ་འཐབ་ཇུས་ཆེན་པོར་འགྲེལ་བཤད་རྒྱག་པ་དང་། འཇུག་སྒོ་ཆུང་ངུ་ནས་དུས་རབས་ཆེན་པོ་མངོན་པའི”ངག་ཐོག་ལོ་རྒྱུས་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་གང་ལེགས་བཏོན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དབུལ་སྐྱོར་གནད་སྨིན་དང་དབུལ་སྒྲོལ་གནད་སྨིན་བྱས་པའི་ལོ་རྒྱུས་བསྐྱར་མཚོན་བྱས་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཞུན་བརྡར་ཐེབས་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་གསོན་ཉམས་དོད་པོས་མཚོན་པ་མ་ཟད། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གང་ལེཌ་མངོན་ཡོད་པའི་ངོས་འཛིན་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། དེབ་དེ་དཔེ་སྐྲུན་བྱས་པའི་གོ་སྐབས་དང་བསྟུན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་ཀྱིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་འདུ་ཤེས་དང་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་དྲིལ་བསྒྲགས་གཏོང་སྤེལ་དང་རྒྱལ་སྤྱིར་བརྒྱུད་སྤེལ་སྔར་བས་ཡག་པོ་བྱེད་དགོས་པ་དང་། ངག་ཐོག་གི་ལོ་རྒྱུས་དེ་ཞིབ་འཇུག་གི་ཐོན་ཁུངས་དང་བྱ་ཐབས་དང་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས་ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་རྟེན་ཤེས་བྱའི་མ་ལག་འཛུགས་པ་དང་ཏང་ཡོན་ལས་བྱེད་པར་སློབ་གསོ་གཏིང་ཟབ་གཏོང་དགོས། ཉམས་མྱོང་དང་བྱེད་སྟངས་ཕྱོགས་སྡོམ་བྱས་ནས་དུས་རབས་གསར་པའི“ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར”གྱི་ངག་ཐོག་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་དང་ལེགས་སྒྲིག་གི་ལས་དོན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་དགོས།

    བཞུགས་མོལ་ཚོགས་འདུ་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭས་གཉེར་བ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། བཅར་འདྲི་བྱ་ཡུལ་གྱི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་། ཏང་གི་སློབ་གྲྭའི་སློབ་མ་བཅས་ཁྱོན་མི་100ལྷག་ཙམ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།