དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་བཀོད་འདོམས་པུའི་གཞུང་ལས་ཁང་གིས།

    དྭངས་གསལ་དུས་ཚིགས་རིང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་ཟོན་ལས་དོན་ཡག་པོ་སྒྲུབ་དགོས་པའི་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-29

    དྭངས་གསལ་དུས་ཚིགས་འཆར་ལ་ཉེ་བའི་སྐབས་སུ། རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་དུས་བབ་སྤྱིར་ན་བརྟན་པོ་ཡོང་བའི་འགན་ལེན་བྱ་ཆེད། ཉིན་ཤས་གོང་། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་བཀོད་འདོམས་པུའི་གཞུང་ལས་ཁང་གིས་དྭངས་གསལ་དུས་ཚིགས་རིང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ཡག་པོ་སྒྲུབ་པའི་ཆེད་དོན་བཀོད་སྒྲིག་བྱས་པ་རེད།

    རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ནན་བཤད་བྱས་དོན། མེ་ཟོན་གྱི་དུས་ཚོད་རིང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཁུལ་དུ“གཏན་འགོག་བདུན”ལག་ལེན་ནན་པོ་བསྟར་རྒྱུ་སྟེ། མེ་སོན་དང་འབར་གས་སླ་བའི་དངོས་ཟོག་གཏན་ནས་ཁྱེར་མི་ཆོག་པ་དང་། ཤོག་བུའི་མཆོད་དངུལ་སྲེག་པ་དང་ཤོག་སྦག་སྤར་བ་སོགས་གཏན་ནས་བྱེད་མི་ཆོག་པ། མེ་བཏང་སྟེ་དྲོད་ལེན་པ་དང་། འོད་ལེན་པ། ཚ་ཕོག་རྒྱག་པ་བཅས་གཏན་ནས་བྱེད་མི་ཆོག་པ། ཆོག་མཆན་མི་ཐོབ་པར་རི་སྲེག་དང་ས་རྒོད་འདུལ་སྲེག་སོགས་ཀྱི་བྱ་བ་གཏན་ནས་བྱེད་མི་ཆོག་པ། ནགས་གསེབ་ཏུ་ཐ་མག་འཐེན་པ་དང་ཐ་མག་ཕྲུག་ལྷག་གང་བྱུང་གཡུགས་པ་གཏན་ནས་བྱེད་མི་ཆོག་པ། རི་དྭགས་རྔོན་པ་དང་། མེ་བརྒྱབ་ནས་གཅན་གཟན་སྐྲོད་པ་གཏན་ནས་བྱེད་མི་ཆོག་པ། སྒྲིག་སྲོལ་དང་འགལ་ནས་མེ་གཏོང་བ་གཏན་ནས་བྱེད་མི་ཆོག་པ་བཅས་རེད།

    རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་བཀོད་འདོམས་པུའི་གཞུང་ལས་ཁང་གིས་བླང་བྱ་བཏོན་དོན། བླང་བྱ་དེ་བས་ནན་པ་དང་བྱེད་ཤུགས་དེ་བས་ཆེ་བའི་སྒོ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས། “དགོས་པ་དྲུག”ཡག་པོ་སྒྲུབ་དགོས་པ་སྟེ། ལྗང་མདོག་ཐཱན་ཉུང་གི་འདས་མཆོད་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། མང་ཚོགས་ལ་མེ་ཏོག་འབུལ་བའམ་ཤིང་འཛུགས་དྲན་གསོ་སོགས་ཀྱི་བྱ་ཐབས་བརྒྱུད་འདས་པོར་རྗེས་དྲན་ཞུ་བར་ཁྲིད་སྟོན་བྱེད་དགོས་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། “མེ་མེད་པའི་འདས་མཆོད་བྱས་ཏེ། ལྗང་མདོག་རི་བོ་མཉམ་དུ་སྲུང”བའི་ཁོར་ཡུག་ལེགས་པོ་ཧུར་ཐག་གཏོད་དགོས། སྟོབས་ཤུགས་གཤམ་སྐྱོད་དང་། གཞི་རིམ་གཟིགས་སྐྱོང་ལ་འགན་སྲུང་། འགག་སྒོ་མདུན་སྤོས་བཅས་བྱས་ནས། ལས་དོན་དོན་འཁྱོལ་གྱི“མཐའ་མའི་འགག་གནད”ནུས་ཤུགས་ཡོད་རྒུས་སེལ་དགོས། མེ་གསོད་ཀྱི་བདེ་འཇགས་འགན་ལེན་བྱས་ཏེ་བདེ་འཇགས་གནད་བསྡུས་ལག་ལེན་ནན་པོ་བསྟར་དགོས། མེ་སྐྱོན་གྱི་གྱོད་གཞི་རྩད་ཞིབ་ཐག་གཅོད་ལ་ཤུགས་སྣོན་བརྒྱབ་སྟེ། མེ་སྐྱོན་རྩད་ཞིབ་དང་། ཐག་གཅོད། དམར་འདོན་བཅས་གང་མགྱོགས་བྱས་ནས། སྲིད་ཁྲིམས་དང་ཉེས་ཁྲིམས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། འགན་འཁྲི་བདའ་འདེད་ནན་པོ་བྱེད་དགོས། ཉེན་བརྡའི་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་སྟེ་གྱོད་དཔེ་དྲངས་ནས་ཉེན་བརྡ་གཏོང་བ་དང་གྱོད་དཔེ་དྲངས་ནས་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ། ཟིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།