དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2025ལོའི་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཀྱི་གྲུབ་འབྲས་གསལ་ཐོ།

    འབྲུ་རིགས་ཐོན་འབབ་ཏུན་ཁྲི་17.7བྱུང་བ་དང་ཤ་དང་། སྒོ་ང་། འོ་མ་བཅས་ཀྱི་ཐོན་འབབ་ཏུན་ཁྲི་12.24ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-29

    གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོར་ལྷོ་ཁ་གྲོང་ཁྱེར་གྱིས་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ལས་ཀྱི་ཐོན་འབབ་བརྟན་པོ་དང་སྤུས་ཚད་མཐོ་རུ་གཏོང་བ་དང་འབྲོག་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྤྱི་འདོམས་སྐུལ་འདེད་བཏང་བས། ལོ་ཧྲིལ་པོར་འབྲུ་རིགས་ཐོན་འབབ་ཏུན་ཁྲི་17.7ཟིན་ནས་ཞིང་འབྲོག་ཐོན་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    རྨོ་ཞིང་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཡོད་ཅིང་། ལྷོ་ཁ་གྲོང་ཁྱེར་དུ་ཆེད་དོན་འཆར་འགོད་ནང་བཅུག་པའི་སྲུང་སྐྱོང་རྨོ་ཞིང་མུའུ་ཁྲི་96.57དང་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་མུའུ་ཁྲི་70.9ཡོད་ཅིང་། ལོ་ཧྲིལ་པོར་གྲལ་བཤེར་ཐུབ་པའི་བེད་མེད་དུ་བཞག་པའི་ས་ཞིང་མུའུ་508.55ཚང་མ་བཀོད་སྒྲིག་འོས་འཚམ་ཐུབ་པ་མ་ཟད། ཁྲིམས་འགལ་ངང་ས་ཆ་བེད་སྤྱོད་ཀྱི་ཐེར་འདོན་བྱ་དགའི་ལམ་སྲོལ་ཡང་བཙུགས་ཡོད་པ་རེད།

    འབྲུ་རིགས་ཀྱི་ཐོན་འབབ་བརྟན་པོ་དང་སྤུས་ཚད་མཐོ་རུ་ཕྱིན་ཞིང་། གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་39.68ལེགས་གྲུབ་བྱུང་ནས་ཞིང་ལས་ལོ་ཏོག་གི་སོན་བཟང་ཁྱབ་གདལ་ཐུབ་ཚད་95%ཡན་བརྟན་པོ་བྱུང་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་5.44བསྐྲུན་ནས་སོན་བཟང་གསོ་སྤེལ་ཁྱབ་གདལ་རྒྱ་ཁྱོན་མུའུ་ཁྲི་1.55ཟིན་ཡོད།

    འབྲོག་ལས་ཀྱི་འཕེལ་ཕྱོགས་བཟང་པོ་ཡོད་ཅིང་། གྲོང་ཁྱེར་ཡོངས་སུ་ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི་123.9ཟིན་པ་དང་། ཁྲི་49.9བཤས་བཏང་བ། བེའུ་གསོན་ཚད་96.01%ཟིན་པ། བ་གླང་མགོ་གྲངས་ཁྲི་3.09ཡི་རྒྱུད་པ་ལེགས་བཅོས་བྱས་པ་དང་ཤ་དང་། སྒོ་ང་། འོ་མ་བཅས་ཀྱི་ཐོན་འབབ་ཏུན་ཁྲི་12.24ཟིན་ཡོད།

    ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་ནུས་མངོན་གསལ་དོད་དུ་ཕྱིན་ཞིང་། ལྷོ་ཁ་གྲོང་ཁྱེར་གྱི་ལག་རྩལ་པ་818མཛུབ་ཁྲིད་ཞབས་ཞུ་ཐེངས་4800སྒྲུབ་པར་མངགས་པ་དང་། མུའུ་ཁྲི་28ལ་ས་དཔྱད་ལུད་སྦྱོར་གྱི་ལུད་བརྒྱབ་པ། མུའུ་ཁྲི་4.8ལ་རྩི་ཤིང་སྲུང་སྐྱོང་མི་མེད་གནམ་གྲུས་ལས་སྒྲུབ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།