བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།
དཀའ་སྡུག་དང་ཚེ་སྲོག་གསར་པ། དཀོན་མཆོག་ཆོས་སྒྲོན།

འདི་ནི་རྒན་མོ་དཀོན་མཆོག་ཆོས་སྒྲོན་ཡིན་པ།

འདི་ནི་དཀོན་མཆོག་ཆོས་སྒྲོན(དཀྱིལ)དང་ནང་མིའི་མཉམ་པར་ཡིན་པ།
ད་ལོ་ལོ་95ལ་སླེབས་པའི་དཀོན་མཆོག་ཆོས་སྒྲོན་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ནས་ཡིན་ཞིང་། ལོ་བརྒྱ་ལ་ཉེ་བའི་མི་ཚེའི་འཕོ་འགྱུར་སྐོར་གླེང་སྐབས་བགྲེས་སོང་ཁོང་ལ་མྱོང་བ་ཟབ་མོ་ཡོད་པ་རེད།
ཁོང་ཧ་གཉིད་གོ་བ་ནས་བཟུང་། དཀའ་སྡུག་གི་ཁྲོད་འཚོ་བ་བསྐྱལ་ནས་སྐྱིད་སྣང་གང་ཡང་བྱུང་མེད། ལོ་ན་ཆུང་དུས་ཁོ་མོར་སྡོད་ས་ངོ་དྲགས་པ་ཞིག་ཀྱང་མེད་པ་དང་། ནང་མི་ཚང་མ་སྦྲ་གུར་ཐབས་ཆག་ནང་འཚང་ཁ་ཤིག་ཤིག་ངང་སྡོད་ཀྱི་ཡོད་པས། རླུང་འགོག་ཆར་གཡོལ་བྱེད་པ་དེ་ཡང་དཀའ་གནད་ཅིག་ཏུ་གྱུར་ཡོད། འབྲོག་ར་ཆེན་པོ་ཞིག་བསྲུངས་ཁུལ་བྱེད་ཀྱང་། དོན་དུ་མདུན་གྱི་ཕྱུགས་ཟོག་ཚང་མ་རང་ཉིད་ལ་དབང་གི་མེད་པས་ཤ་ཟ་བ་དང་ཇ་བསྲུབས་མ་འཐུང་རྒྱུ་ནི་ཁོ་མོའི་ངོས་ནས་བརྗོད་ན་སྟོང་བསམ་རང་རེད།
“ད་ཆ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན་པས། སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བགྲེས་སོང་གིས་མིག་ཆུ་གཏོང་བཞིན་བརྗོད། ད་ཆ། ཁོང་གི་ཁྱིམ་ལ་འབྲི་གཡག་མགོ་གྲངས་80ལྷག་ཙམ་དང་ལུག་40ལྷག་ཙམ་ཡོད། ཚགས་ཤ་སོགས་འབྲོག་ལས་ཐོན་རྫས་ཀྱི་ཡོང་འབབ་ཡོད་པའི་ཁར། རྒྱལ་ཁབ་ཀྱིས་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་སྤྲད་པའི་ཁ་གསབ་སྣ་ཚོགས་ཡོད་པས། བགྲེས་སོང་གི་ལྟོ་གོས་གཉིས་འཛོམས་བྱུང་སྟེ། དེ་སྔ་བཞིན་འཁྱགས་ལྟོགས་ཀྱིས་མནར་མི་དགོས་པས། སོས་དལ་བག་ཕེབས་ངང་འཚོ་བ་སྐྱེལ་བཞིན་ཡོད། ལྟོ་སློང་ནས་འཚོ་ཐབས་བྱེད་པ་ནས་ལྟོ་གོས་ལ་སེམས་ཁྲལ་མེད་པའི་བར་དང་། སྡོད་ས་གཏན་འཁེལ་མེད་པ་ནས་བློ་བདེ་བག་ཕེབས་ཀྱི་འཚོ་བ་སྐྱེལ་རྒྱུ་ཡོད་པའི་བར། དཀོན་མཆོག་ཆོས་སྒྲོན་གྱིས་ལོ་བརྒྱ་ལ་ཉེ་བའི་མི་ཚེའི་ཐོག་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་ལམ་བུ་རླབས་པོ་ཆེར་བདེན་དཔང་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།