དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་དང་གཉིས་པར་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་གསར་པའི་གྲངས་འབོར་དུས་མཚུངས་ལས་14%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-28

    གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར། རྒྱལ་ཡོངས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་གསར་པ་8631ཟིན་པ་དེ་དུས་མཚུངས་ལས་14%འཕར་བ་དང་། ཕྱི་དངུལ་དངོས་སུ་སྤྱོད་ཚད་སྒོར་དུང་ཕྱུར་1614.5ཟིན་ཡོད་པ་རེད།

    ལས་རིགས་ནས་བལྟས་ན། བཟོ་སྐྲུན་ལས་རིགས་ཀྱིས་དངོས་སུ་སྤྱད་པའི་ཕྱི་དངུལ་སྒོར་དུང་ཕྱུར་475.2དང་ཞབས་ཞུའི་ལས་རིགས་ཀྱིས་དངོས་སུ་སྤྱད་པའི་ཕྱི་དངུལ་སྒོར་དུང་ཕྱུར་1112.2ཟིན་ཡོད། ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་དངོས་སུ་སྤྱད་པའི་ཕྱི་དངུལ་སྒོར་དུང་ཕྱུར་632.1ཟིན་པ་དེ་དུས་མཚུངས་ལས་20.4%འཕར་ནས་རྒྱལ་ཡོངས་ཀྱིས་དངོས་སུ་སྤྱད་པའི་ཕྱི་དངུལ་གྱི་39.2%བཟུང་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་8.5འཕར་ཡོད་པ་རེད། ཡོང་ཁུངས་ནས་བལྟས་ན། ཁ་ན་ཏ་དང་། སུའེ་ཙེར། ཧྥ་རན་སེ་བཅས་ཀྱིས་ཀྲུང་གོར་མ་འཇོག་བྱེད་ཚད་210%དང་། 41.3% 3%(རང་མོས་གྲུ་ཁ་བརྒྱུད་མ་འཇོག་བྱས་པའི་གྲངས་གཞི་ཚུད་པ)བཅས་སོ་སོར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།