དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་དྲུག་གིས་ཡིག་ཆ་བཀྲམ་ནས།

    གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་འཁོར་སྐྱོད་བདག་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-28

    གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཆུ་བེད་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་དྲུག་གིས《གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་འཁོར་སྐྱོད་བདག་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་སྟེ། ཆུ་འགོ་ནས་ཆུ་ཀ་ལ་བར་གྱི་འཁོར་འབྲེལ་ཧྲིལ་པོའི་ཚད་ལྡན་མ་ལག་འཛུགས་རྒྱུར་དམིགས་ནས། གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་འགན་སྲུང་ནུས་པ་ཆེ་རུ་དང་གཉེར་སྐྱོང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།

    གྲོང་གསེབ་ཏུ་ཆུ་མཁོ་འདོན་བྱེད་ཚད་དང་ཆུའི་སྤུས་ཚད་ལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། བརྡ་ཐོའི་ནང་ཆུའི་ཐོན་ཁུངས་ལ་དོ་དམ་དང་ཆུ་འགོར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བླང་བྱ་ལྟར་དུག་སེལ་སྒྲིག་བཀོད་སྒྲིག་ཆས་སྒྲིག་སྦྱོར་དང་ཚད་ལྡན་འཁོར་སྐྱོད་བྱས་ཏེ། ཆུའི་སྤུས་ཚད་ལ་ཞིབ་དཔྱད་ཚད་ལེན་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ལས་གྲྭའི་འཕྲལ་སྡོམ་ཀྱི་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། འཕྲལ་སྡོམ་གྲབས་སྤྱོད་ཆུ་འགོ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་ཇུས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གེགས་འགོག་གེགས་སེལ་དང་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་དགོས།

    གྲོང་གསེབ་ཀྱི་ཆུ་རིན་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས་ཤིང་། བརྡ་ཐོའི་ནང་ཁ་གསལ་བཏོན་དོན། ཆུ་རིན་གཏན་འཁེལ་དང་ལེགས་སྒྲིག་བྱེད་སྐབས། གཏན་འབེབས་ལྟར་མ་གནས་ལ་ལྟ་སྐུལ་ཞིབ་བཤེར་རམ་ཡང་ན་བརྟག་དཔྱད་ནན་པོ་བྱེད་དགོས་པ་དང་། སྤྱི་ཕན་གྱི་ཁྱད་ཆོས་མཐའ་འཁྱོངས་དང་དམངས་འཚོར་འགན་ལེན་བྱེད་པའི་རྨང་གཞིའི་ཐོག ཆུ་མཁོ་འདོན་གྱི་མ་གནས་དང་། ཐོན་སྐྱེད་བྱེད་ནུས་བེད་སྤྱོད་གཏོང་ཚུལ། ཞིང་པའི་ཐེག་ནུས། ནོར་སྲིད་ཀྱི་ཁ་གསབ་སོགས་ཀྱི་རྒྱུ་རྐྱེན་ལ་སྤྱི་འདོམས་བསམ་གཞིག་བྱེད་དགོས། གྲོང་གསེབ་ཀྱི་ཡུལ་མི་མིན་པས་ཆུ་སྤྱོད་པ་དང་གྲོང་མིའི་ཆུ་སྤྱོད་རིན་གོང་རྩ་དོན་མི་འདྲ་བར་གཞིགས་ནས་རིགས་ཕྱེ་སྟེ་ཆུ་རིན་གཏན་འཁེལ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ལས་གྲྭར་གྲོང་གསེབ་དང་གནས་སའི་གྲོང་ཁྱེར་དང་གྲོང་རྡལ་གྱི་རིན་གོང་གཅིག་མཚུངས་ལག་བསྟར་བྱེད་དགོས།“གཞི་རྩའི་ཆུ་རིན་དང་ཆུ་སྤྱོད་རིན་གོང”ལམ་ལུགས་གཉིས་ཀྱི་ཆུ་རིན་འཚོལ་ཞིབ་ལག་བསྟར་བྱེད་དགོས། ཆུ་རིན་རྩིས་རྒྱག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

    རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་དགོས་ཤིང་། བརྡ་ཐོའི་ནང་ཁ་གསལ་བཏོན་དོན། རིམ་ཁག་ནོར་སྲིད་མ་དངུལ་གཏན་འབེབས་གཞིར་བཟུང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་འཁོར་སྐྱོད་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་དང་སྦྲགས། ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྤྱོད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་དང་། མ་འཇོག འཛུགས་སྐྲུན། དོ་དམ་བཅས་གཞི་གཅིག་ཅན་གྱི་རྣམ་པར་བརྟེན་ནས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་འཁོར་སྐྱོད་དོ་དམ་ཀྱི་སྲུང་སྐྱོང་ནང་ཞུགས་པར་ལྕག་སྐུལ་བྱེད་དགོས། གནས་སའི་ས་ཁུལ་གྱིས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་གློག་སྤྱོད་དང་། ས་སྤྱོད། ཁྲལ་བསྡུ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་དགོས། མདོང་ལམ་ལ་སྐྱོན་ཤོར་ཚད་ཉུང་བ་དང་། ཆུ་འབོར་དང་ཆུ་སྤུས་ཀྱི་ཚད་གཞི་ལོན་པ། ཞུ་གཏུག་ཐག་གཅོད་གནད་ལ་འཁེལ་བ། འཕྲལ་སྡོམ་འགན་སྲུང་བྱེད་ནུས་ལྡན་པ། ཞབས་ཞུའི་སྤུས་ཚད་ལེགས་ལ་ལས་ཕྱོད་ཆེ་བ། ལག་རྩལ་གསར་གཏོད་མཐོར་འདེགས་བྱུང་བ་བཅས་ཀྱི་རིགས་ལ་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་དགའ་སྤྲོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།