དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་གི་སྨན་ཁང་200ལྷག་ཙམ་གྱིས་སྨན་བཅོས་འགན་བཅོལ་གྱི་སྒུལ་བདེའི་དངུལ་སྤྲོད་ལ་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-28

    གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་པེ་ཅིང་གྲོང་ཁྱེར་ཡོངས་ཀྱི་སྨན་ཁང་200ལྷག་ཙམ་དུ་སྨན་བཅོས་འགན་བཅོལ་གྱི་སྒུལ་བདེའི་དངུལ་སྤྲོད་ཞབས་ཞུ་ཤར་གཏོང་བྱས་ཡོད་ཅིང་། འགན་བཅོལ་ནང་ཞུགས་མཁན་གྱིས“པེ་ཅིང་ཤར་གཏོང”གི་བྱ་རིམ་ཆུང་ངུའམ་ཡང་ན་སྨན་ཁང་ལ་ཡོད་པའི(APPདང་། བྱ་རིམ་ཆུང་ངུ་། སྤྱི་རྟགས)བཅས་ཉེར་སྤྱོད་ལས་སྟེགས་བརྒྱུད། དྲ་ཐོག་ནས་ཨང་ཀི་བཀག་པ་དང་། སྒོ་བསྟེན་སྨན་བཅོས་བྱེད་པ། དྲ་སྦྲེལ་སྨན་བཅོས་བསྐྱར་མ་བྱེད་པ་སོགས་ཀྱི་འགྲོ་གྲོན་སྨན་བཅོས་འགན་བཅོལ་ནས་སྨན་རིན་རྩིས་ཞུ་དང་དུས་ཐོག་ཏུ་རྩིས་ཞུ་བྱེད་ཆོག་གི་ཡོད།

    ཞབས་ཞུ་དེས་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་ཁ་པར་ནས་འཇལ་ཆོག་པས། འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་ཁང་དུ་སྨན་བཅོས་བྱེད་རིང་ལག་ཐོགས་ཁ་པར་ནས་སྨན་བཅོས་འགན་བཅོལ་གྱི་དྲ་ཐོག་རྩིས་ཞུ་ལེགས་གྲུབ་ཐུབ་པ་མ་ཟད། མི་སྒེར་གྱིས་སྤྲོད་དགོས་པའི་ཆ་ཤས་མ་གཏོགས་སྤྲོད་དགོས་མེད་སྟབས“བང་སྒྲིག་མི་དགོས་པ་དང་འཕྲལ་མར་དངུལ་སྤྲོད་པ”མངོན་འགྱུར་ཐུབ་ནས་སྨན་རིན་རྩིས་རྒྱག་སྐབས་ཕར་འགྲོ་ཚུར་འོང་ཐེངས་མང་བྱེད་དགོས་པ་དང་། བང་རིང་པོ་སྒྲིག་དགོས་པ། ཡུན་རིང་སྒུག་དགོས་པ་སོགས་ཀྱི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད། འགན་བཅོལ་ནང་ཞུགས་མཁན་གྱིས“པེ་ཅིང་ཤར་གཏོང”གི་བྱ་རིམ་ཆུང་ངུ་ནས་དམིགས་བཙུགས་སྨན་ཁང་གི་མིང་ཐོ་དང་དེ་བཞིན་སྨན་བཅོས་འགན་བཅོལ་གྱི་སྒུལ་བདེའི་དངུལ་སྤྲོད་ནུས་པ་ཤར་གཏོང་ཐུབ་ཡོད་མེད་འདྲི་རྩད་བྱེད་ཆོག

    གོམ་སྟབས་རྗེས་མར། པེ་ཅིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་བཅོས་འགན་བཅོལ་གྱི་སྒུལ་བདེའི་དངུལ་སྤྲོད་ལ་རྒྱབ་སྐྱོར་བྱེད་པའི་སྨན་ཁང་གི་ཁྱབ་རྒྱ་མུ་མཐུད་ཆེ་རུ་བཏང་ནས། ནད་པས་ནད་ལྟ་བ་དང་སྨན་བཅོས་བྱ་རྒྱུར་དེ་བས་སྟབས་བདེ་དང་ནུས་ཆེ་ཡོང་བར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།