ཟླ་གཉིས་པར་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་16299ཞིབ་བཤེར་ཐག་གཅོད་བྱས་པ།
ཚེས་25ཉིན་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ཚུལ་གྱི་ཟླ་རེའི་སྙན་ཞུའི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད། བརྡ་ཁྱབ་ལས་མངོན་པར། འདི་ལོའི་ཟླ་2པར་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་16299ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་20350(ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་3དང་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་84ཚུད་ཡོད)ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ། མི་14012ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་རེད།
བརྡ་ཁྱབ་ལྟར་ན། འདི་ལོའི་ཟླ་2པར་རྒྱལ་ཡོངས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁྱོན་ཁག་7981ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་10284ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པའི་ནང་། “རང་འགན་གཙང་སྒྲུབ་བྱེད་པ་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བའི་ཐད་འགན་མི་ཁུར་བ་དང་། དགོས་པའི་ལས་མི་བྱེད་པ། མི་དགོས་ལས་རྙོག་བཟོ་བ། ལས་དོན་སྒྲུབ་ཁུལ་བྱེད་པ་བཅས་རྩད་གཅོད་ཐུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བའི” ཐད་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མང་ཤོས་བྱས་ཤིང་། གནད་དོན་ཁག་6817ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་8798ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་རེད།
བརྡ་ཁྱབ་ལྟར་ན། འདི་ལོའི་ཟླ་2པར་རྒྱལ་ཡོངས་ནས་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་གཏོང་བའི་གནད་དོན་ཁྱོན་ཁག་8318ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་10066ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པའི་ནང་། སྒྲིག་འགལ་ངང་གྲགས་ཅན་ཁྱད་ལྡན་ཐོན་རྫས་དང་ལག་རྟགས་དང་འབུལ་རྟེན་ལེན་སྤྲོད་ཀྱི་གནད་དོན་ཁག་4883དང་། སྒྲིག་འགལ་ངང་ཕོགས་སྣོན་ཁ་གསབ་བམ་ཡང་ན་ཕན་བདེ་སྤྲད་པའི་གནད་དོན་ཁག་874 སྒྲིག་འགལ་ངང་བཟའ་བཏུང་བྱས་པའི་གནད་དོན་ཁག་1773བཅས་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།