སེ་འབྲུའི་རྡོག་པོ་གཅིག་ཏུ་སྒྲིལ།
ཞོགས་པའི་ཉི་གཞོན་གྱི་འཛུམ་ཞལ་བྱང་རྩྭ་ཐང་ཁྱོན་ལ་ལྷུག་པོར་མ་གྲོལ་གོང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཁྲིམས་ཤིང་སྡེ་ཁུལ་དུ་ཐབ་ཀྱི་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར། སྡེ་ཁུལ་གྱི་སྒོ་རྩར། སི་ཁྲོན་གྱི་སྦྱིན་བདག་ཀྲང་ཅན་ཅུན་གྱིས་མོག་མོག་ཚགས་གང་བཙོས་ཟིན་པ་དང་སྡེ་ཁུལ་གྱི་གྲོང་མི་བསྟན་འཛིན་ཞོགས་ཟས་ཉོ་བར་ཡོང་བ་དང་ཏག་ཏག་འཁེལ་ཞིང་། ཁོ་པས་སྤྱི་སྐད་དེ་ཙམ་བདེ་པོ་མེད་པ་ཞིག་བརྒྱབ་ནས་ཞོགས་ཟས་ཉོས། ཁྱིམ་མཚེས་ཧུད་རིགས་ཚོང་པ་ཨ་ཅག་མཱ་ལགས་ཀྱིས་ཇ་བསྲུབས་མ་ཁྱེར་ནས་ཅི་འཕྲོས་མོལ་འཕྲོས་ཤོད་པར་ཡོང་། འདི་གར་མི་རིགས་18ཀྱི་གྲོང་མི་3000ལྷག་ཙམ་སྡོད་ཀྱི་ཡོད། སྐད་རིགས་མི་འདྲ་བའི་འཚམས་འདྲིའི་ཁྲོད་དུ་འོ་ཇ་དང་ཇ་བསྲུབས་མའི་དྲི་བསུང་ཉིན་ལྟར་འཐུལ་གྱི་ཡོད།
འདི་ནི་གངས་ལྗོངས་ས་མཐོའི་རྒྱུན་གཏན་གྱི་འཚོ་བའི་རྣམ་པ་ཞིག་རེད་ལ། དུས་རབས་གསར་པའི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསོན་ཉམས་དོད་ཤོས་དེའང་རེད།
དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་67སོང་རིང་། གོང་འཕེལ་དབང་ཆ་ཚུད་པའི་བོད་མི་དམངས་ཀྱི་དབང་ཆ་སྣ་ཚོགས་ལ་འགན་སྲུང་གང་ལེགས་ཐུབ་ཡོད། “ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ”བཅས་ནི་ཏང་ལ་བཅངས་པའི་ས་མཐོའི་བུ་ཕྲུག་གི་བརྩེ་བ་ཟབ་མོ་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པར་བཅངས་པའི་མོས་སེམས་བརྟན་པོ་ཞིག་དེ་བས་ཀྱང་ཡིན་པ་དོན་དངོས་ལས་ར་སྤྲོད་གསལ་པོ་བྱས་ཡོད། མོས་སེམས་འདི་ཉིད་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྔར་བས་ཟབ་ཏུ་དང་དེ་བས་སྟོབས་ཤུགས་དང་ལྡན་པར་འགྱུར་བཞིན་ཡོད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་རེད། དེས་ན་གཙོ་རྐང་འདིར་དམ་པོར་དམིགས་ཏེ་རང་ལྗོངས་ཀྱི་རིམ་ཁག་སློབ་གྲྭས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་འབྲེལ་ཡོད་སློབ་ཚན་བཀོད་སྒྲིག་དང་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་སོགས་ཀྱི་བྱ་ཐབས་བརྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ས་བོན་གཞོན་ནུ་ལོ་ཆུང་གི་སེམས་སུ་སྔ་ས་ནས་མྱུ་གུ་འབུས་ཡོད། མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཁྲི་7.2ཀྱིས་ལྗོངས་ཕྱིའི་ལོ་ཆུང་བྱིས་པ་དང་ཕན་ཚུན་འཕྲིན་ཡིག་བསྐུར་རེས་བྱས་ཏེ་ཆུང་དུས་ནས་ཀྲུང་གོའི་སེམས་པ་དང་ཀྲུང་ཧྭའི་བླ་སྲོག་བརྟན་པོ་བཏོད་ཡོད། ལྗོངས་ཡོངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི(མི་རིགས་མཐུན་སྒྲིལ་ཡར་ཐོན)དཔེ་སྟོན་སློབ་གྲྭ་499དང་། དཔེ་སྟོན་འཛིན་གྲྭ་499 དཔེ་སྟོན་ཉལ་ཁང་491 དཔེ་བཟང་མི་སྒེར་499བཅས་གསོ་སྐྱོང་བྱས་ཡོད།
རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལག་བསྟར་བྱས་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་སྒྲོམ་གཞི་བཟོས་ཡོད། “ས་མཐོའི་སེ་འབྲུ་དམར་པོའི”སྤུས་རྟགས་མི་སེམས་ལ་གཏིང་ཟབ་ཟུག་ནས་མི་ཐེངས་ཁྲི་5.61སྤེལ་རེས་བྱེད་སྒོར་ཞུགས་ཡོད། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7དང་རྫོང(ཆུས་དང་གྲོང་ཁྱེར)38རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་འཛུགས་གཏོད་བྱས་པ་དང་མཉམ་སྡེབ་154དང་མི་སྒེར་204ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང”གི་མཚན་སྙན་ཐོབ་ཡོད།
ད་ལོའི་ཟླ་3ཚེས་12ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་སྤེན་པ་ལྷ་མོས་བརྗོད་པ་བཞིན། བཅའ་ཁྲིམས་འདིའི་ནང་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་པ་དང་། “ངེས་པར་དུ་བཅུ་གཉིས”ཀྱི་བླང་བྱ་དེ་རྒྱལ་ཁབ་ཀྱི་སྙིང་སྟོབས་ལ་བསྒྱུར་བ་མ་ཟད། བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཁྲིམས་སྐྱོང་གི་འགན་སྲུང་ཤུགས་ཆེན་ཡང་བྱས་ཡོད།
དཔྱིད་དུས་ཀྱི་ས་མཐོར་སེ་འབྲུའི་མེ་ཏོག་རབ་ཏུ་བཞད། སེ་འབྲུའི་རྡོག་པོ་གཅིག་ཏུ་བསྒྲིལ། སློབ་གྲྭ་ནས་སྡེ་ཁུལ་བར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གང་སར་བཞད་ཅིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་རིགས་ཁག་གི་བུ་ཕྲུག་ཚོའི་ཁྲག་རྒྱུན་དུ་མཉམ་འདྲེས་གཏིང་ཟབ་ཐུབ་ཡོད། བོད་ཀྱི་འབྱུང་འགྱུར་དེ་བས་དར་རྒྱས་གོང་འཕེལ་དང་མང་ཚོགས་ཀྱི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་། ཚང་མས་མཐུན་སྒྲིལ་ཡར་བརྩོན་དང་། དར་རྒྱས་བརྟན་ལྷིང་། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་རི་མོ་མཉམ་དུ་འབྲི་ངེས་རེད།
འབྲེལ་ཡོད་གསར་འགྱུར།