དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སོ་ནམ་ཞིང་དུ་དགོད་སྒྲས་ཁེངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-28

    ཟླ་བ་གསུམ་པའི་མྱང་ཆུ་གཙང་འགྲམ་གྱི་ལུང་གཞུང་དུ་དགུན་གྱི་དར་ཁ་ཞིག་ནས་དཔྱིད་ཀྱི་དཔལ་ཡོན་བཞད། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ར་སོག་ཤང་ནོར་ཁང་གྲོང་ཚོའི་ལོ་གཅིག་དུས་གཅིག་གི་གཉའ་གཅོག་མཛད་སྒོ་འགོ་ཚུགས། གྲོང་མི་ཚོས་སོ་ནམ་དུས་ཚོད་དམ་འཛིན་བྱས་ཏེ་ཞིང་ནང་དུ“བོད་ནས་ཨང་2000”གི་སོན་བཏབ་ནས་ལོ་ལེགས་ཀྱི་འབྲས་བཟང་སྨིན་རྒྱུའི་འདུན་པ་ཟབ་མོ་བཅངས།

    “བོད་ཀྱི་འབྲུ་མཛོད”ཅེས་གྲགས་པའི་གཞིས་རྩེའི་ནས་ཀྱི་ཐོན་འབབ་ཀྱིས་ལྗོངས་ཡོངས་ཀྱི་ཐོན་འབབ་ཀྱི་ཕྱེད་ཀ་ཙམ་བཟུང་བས་ལྗོངས་ཡོངས་ཀྱི་ནས་ཀྱི་ཐོན་ཁུལ་གཙོ་བོ་དང་འབྲུ་རིགས་མཁོ་འདོན་བྱེད་མཁན་གནས་གལ་ཆེན་དུ་གྱུར་ཡོད། 2025ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཚད་95%ཡན་ཟིན་པ་དང་ཞིང་ནང་དུ་རྫས་ལུད་སྤྱོད་ཚད་སྤྱི་ཆིང་རེར་སྤྱི་རྒྱ་450ནས་སྤྱི་རྒྱ་300བར་ཉུང་དུ་ཕྱིན་ནས་སོན་བཟང་ཁྱབ་གདལ་དང་ལྗང་མདོག་ཐོན་སྐྱེད་གཉིས་ཀ་འཕར་ཡོད།

    ནོར་ཁང་གྲོང་ཚོའི་གྲོང་མི་བཀྲ་ཤིས་ཁྱིམ་གྱི་མཛོད་ཁང་ནང་བྱུར་པོར་བླུགས་པའི་འབྲུ་རིགས་སྒྱེ་མོ་གྲལ་བསྒྲིགས་པོས་བརྩིགས་འདུག དེའི་ནང་ནས་ཁག་གཅིག་བཟའ་འབྲུ་བྱས་པ་ཕུད། དེ་བྱིངས་གྲོང་ཚོའི་མཉམ་ལས་ཁང་གི་མངགས་ཐོ་བརྒྱུད་ལྗོངས་ཡོངས་ཀྱི་ས་གནས་ཁག་གི་བཟོ་གྲྭར་བཏང་སྟེ་ནས་ཆང་དང་། ནས་ཀྱི་ཏན་ཞིམ། ནས་ཀྱི་ཚི་སྣའི་བཟའ་བཅའ་བཅས་ལ་ལས་སྣོན་བྱས་ཏེ་ལྗོངས་ཕྱི་ནང་གི་ཁྲོམ་རར་འཚོང་གི་ཡོད།

    1959ལོའི་ཟླ་3ཚེས་28ཉིན། དམངས་གཙོའི་བཅོས་སྒྱུར་གྱི་དུང་བརྡ་བོད་ལྗོངས་སུ་གྲགས་ཤིང་། ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་ལྕགས་སྒྲོག་གཏོར་ནས་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རང་ཉིད་ཀྱི་བདག་པོར་གྱུར་ཡོད། ཞི་བས་བཅིངས་འགྲོལ་བཏང་བ་ནས་དམངས་གཙོའི་བཅོས་སྒྱུར་བར་དང་། རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་སྒྱུར་བཅོས་སྒོ་དབྱེའི་བར། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་ནས་ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་པའི་བར་བཅས་ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་ཐུཌ་ཁུར་གྱི་མཚམས་ཆད་མྱོང་མེད་ཅིང་། བཀྲ་ཤིས་ཀྱི་མེས་པོ་ཚོས་ཀྱང་ལོ་རྒྱུས་ཀྱི་མཆོང་སྐྱོད་རེ་རེར་དཔང་པོ་བྱས་ཡོད།

    ད་ལྟ། ཉང་ཆུ་གཙང་འགྲམ་དུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་ཁམ་བུའི་མེ་ཏོག་བཞད་པའི་དུས་འཆར་བས། རི་ཀླུང་གང་སར་ཁམ་བུའི་མེ་ཏོག་ཁྲ་ཆིལ་ལེར་བཞད་ནས་མཛེས་སྡུག་རྣམ་པར་བཀྲ།

    2025ལོའི་ལོ་མཇུག་ཏུ། ཀ་ལ་གྲོང་ཚོའི་གྲོང་གསེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་1542དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་863.8ཟིན་ཡོད་ལ། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.43ཟིན་ཡོད།

    2026ལོའི་དཔྱིད་ཀར། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་འཛུགས་ས་གསར་པར་དཔྱིད་རླུང་དལ་གྱིས་ལྡང་བས། མྱང་ཆུ་གཙང་འགྲམ་གྱི་གསར་དུ་རྨོ་སློག་བརྒྱབ་པའི་ས་ཞིང་ལ་རེ་བའི་ས་བོན་འདེབས་འགོ་ཚུགས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།