དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་སའི་བྱ་དགའ་ཡོད་པའི་ཚོད་ལྟའི་བཙོངས་འཛིན་གྱིས་འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-28

    ཉེ་ཆར། རྒྱལ་ཡོངས་ཀྱི་བྱ་དགའ་ཡོད་པའི་བཙོངས་འཛིན་སྤྲོད་པའི་ཚོད་ལྟའི་གྲོང་ཁྱེར་50ཡི་གྲས་ཤིག་ཡིན་པའི་ལྷ་ས་གྲོང་ཁྱེར་གྱིས“ཉི་འོད་ལྷ་ས་ནས་བཙོངས་འཛིན་བླངས་ན་བྱ་དགའ་སྤྲོད་པའི”བྱེད་སྒོ་སྤེལ་ནས་དངུལ་སྨར་གྱི་ཤོག་ཆག་སྤྲད་དེ། འཛད་སྤྱོད་པས་རང་འགུལ་ངང་བཙོངས་འཛིན་ལེན་པར་ལྕག་སྐུལ་བྱས་ནས་སིལ་ཚོང་དང་། བཟའ་བཏུང་། ཞག་སྡོད། ཡུལ་སྐོར་སོགས་གཙོ་གནད་ལས་རིགས་ཀྱི་བཙོངས་འཛིན་ལེན་པའི་གྲངས་འབོར་བརྟན་པོ་འཕར་བར་སྐུལ་འདེད་བཏང་བས་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་འཕེལ་ཡོད་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། བྱེད་སྒོའི་སྒྲིག་སྲོལ་ལྟར་ན། འཛད་སྤྱོད་པ་མི་སྒེར་གྱིས་དཔྱ་ཁྲལ་ཚུད་པའི་དངུལ་གྲངས་སྒོར་100ལས་མི་ཉུང་བའི་བཙོངས་འཛིན་སྤྲིན་རྩིས་མྱུར་སྤྲོད་APPསྟེང་བསྐུར་ཚེ་དུས་ཐོག་ཏུ་བྱ་དགའ་ལེན་པའི་བྱེད་སྒོར་ཞུགས་ཆོག་པ་དང་། བྱ་དགའི་དངུལ་གྲངས་སྒོར་8ནས་100བར་ཡིན་པ་རེད། བྱ་དགའི་དངུལ་ཐད་ཀར་དངོས་མིང་དཔང་འདོན་བྱས་པའི་སྤྲིན་རྩིས་མྱུར་སྤྲོད་APPནས་སྤྲོད་ཀྱི་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། “བྱ་དགའ་ཡོད་པའི་བཙོངས་འཛིན་ལེན་པའི”བྱེད་སྒོས་འཛད་སྤྱོད་པ་བྱེད་སྒོར་ཞུགས་སེམས་ཆེ་རུ་ཕྱིན་པ་དང་ཆབས་ཅིག་ལས་རིགས་ཁག་གི་ཕྱིར་ཚོང་བྱེད་ཚད་འཕར་བར་སྐུལ་ཁྲིད་ཀྱང་ནུས་ལྡན་ཐུབ་ཡོད། འདི་ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོར་ཁྱོན་བཙོངས་འཛིན་22952ལ་ཞིབ་དཔྱད་བྱས་པའི་ནང་བཙོངས་འཛིན་22527ལ་བྱ་དགའ་ཐོབ་ནས་བྱ་དགའ་ཐོབ་ཚད་98.1%ཟིན་པ་དང་། རིམ་རྩིས་བརྒྱབ་ན་ཤོག་ཆག་དངུལ་སྨར་སྒོར་ཁྲི་50.16སྤྲད་པ་དེས་འཛད་སྤྱོད་བྱེད་ཚད་སྒོར་ཁྲི་1230ཙམ་ཐད་ཀར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།