ལྗོངས་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས།
“ཁྱིམ་ཚང་ལ་གཅེས་སེམས་འབུལ། བུད་མེད་ལ་དྲོ་སྐྱིད་སྦྱིན”ཞེས་པའི་སེམས་དྲོད་རོགས་སྐྱོར་བྱས་པ།
གསར་འགོད་པར་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། 2026ལོའི“དུས་ཆེན་ཆེན་པོ་གསུམ”དང་དེ་བཞིན“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་རིང་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུཌ་དང་མཉམ་དུ“ཁྱིམ་ཚང་ལ་གཅེས་སེམས་འབུལ། བུད་མེད་ལ་དྲོ་སྐྱིད་སྦྱིན”ཞེས་པའི་སེམས་དྲོད་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་ནས་རིན་ཐང་སྒོར་ཁྲི་60.82རི་བའི“སྐྱེད་མའི་སེམས་དྲོད་ཁུག་མ”དང་། “སྐྱེད་མའི་སྦྲག་འབོག”“བུད་མེད་ཀྱི་གཅེས་སྐྱོང་ཁུག་མ”སོགས་3190བཟོས་ནས་སྤྲད་པ་རེད།
རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བྱེད་སྒོར“གཅིག་སྡུད་ཐོག་སྤྲོད་པ་དང་སྒོ་རྩར་སྐྱེལ་བ་ཟུང་འབྲེལ”བྱས་ཏེ་བུད་མེད་མང་ཚོཌ་ཀྱི་འཚོ་བར་མཁོ་བའི་འཁྲུད་རྫས་དང་། གཙང་ཤོག དྲོད་སྲུང་དངོས་རྫས། ཉལ་ཆས། སྨན་རྫས་སོགས་སྤྲད་པ་རེད། དེའི་ནང་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིན་ཐང་སྒོར་ཁྲི་15རི་བའི“སྐྱེད་མའི་སེམས་དྲོད་ཁུག་མ”750བཟོས་ནས་སྤྲད་པ་དང་ཀྲུང་གོའི་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ནས་རིན་ཐང་སྒོར་ཁྲི་10.02རི་བའི“སྐྱེད་མའི་སྦྲག་འབོག་དང་སྐྱེད་མའི་ཁྱིམ་ཚང་གི་བདེ་ཐང་ཁུག་མ”334བརྩོན་ལེན་ཧུར་ཐག་བྱས་པ་དང་། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་རིན་ཐང་སྒོར་ཁྲི་35.8རི་བའི“སེམས་དྲོད་ཁུག་མ”2106བཟོས་ནས་སྤྲད་ཡོད། བྱེད་སྒོ་དེ་གྲོང་ཁྱེར་དང་ས་ཁུལ་7གྱི་རྫོང(ཆུས)44དང་། ཤང་གྲོང(ཁྲོམ་གཞུང)150 ཡུལ་གཞན་དུ་གནས་སྤོས་གཅིག་སྡུད་བཀོད་སྒྲིག་ས་ཚིགས་3བཅས་ལ་ཁྱབ་ནས་དཀའ་ངལ་ཡོད་པའི་བུད་མེད་དང་ཁྱིམ་ཚང་3190ལ་ཕན་པ་བསྐྲུན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།