དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་གྲོང་ཁྱེར་གསར་སྒྱུར་ལས་དོན་ཕྱོགས་གཅིག་ཚད་བརྒལ་ནས་ཕྱོགས་ཡོངས་དར་རྒྱས་ཀྱི་ཕྱོགས་སུ་སྤེལ་བ།

    གྲོང་ཁྱེར་གསར་སྒྱུར་བྱས། འཚོ་བ་གསར་པ་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-28

    འདི་ནི་ལྷོ་ཁ་གྲོང་ཁྱེར་ཟླ་འོད་ཁྲོམ་རའི་བཤིག་སློག་བྱ་ཡུལ་ཡིན་པ།

    ལྷོ་ཁ་གྲོང་ཁྱེར་ཟླ་འོད་ཁྲོམ་ར་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ཅིང་ལི་རྒྱལ་མཚན་གྱིས་བཤིག་ལ་ཉེ་བའི་ཟླ་འོད་ཁྲོམ་རར་ལྟ་བཞིན“ང་ཚོས་ས་ཆ་འདིར་ཁེ་ལས་མེད་པ་ནས་ཡོད་པ་དང་ཡོད་པ་ནས་དར་རྒྱས་སོང་བའི་ལོ་རྒྱུས་ལ་དཔང་པོ་བྱས་ཤིང་། བཤིག་སྤོ་སྒྱུར་བཀོད་བྱས་རྗེས། གྲོང་ཁྱེར་གྱི་རྣམ་པ་དང་། དཔལ་འབྱོར་གྱི་ཕན་འབྲས། དམངས་འཚོའི་བདེ་རྩ་བཅས་ལེགས་སུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་རེ་བས་ཁེངས་བཞིན་བརྗོད།

    ཟླ་3ཚེས་16ཉིན། བསྐྲུན་ནས་ལོ་40ཙམ་སོང་བའི་ཟླ་འོད་ཁྲོམ་ར་དེ་འཕྲུལ་འཁོར་གྱི་ལྡིར་སྒྲའི་ཁྲོད་དངོས་སུ་བཤིག་འགོ་ཚུགས། སྔོན་ཆད་ས་ཆ་དེ་ནི་ལྷོ་ཁ་གྲོང་ཁྱེར་གྲོང་ཁུལ་གྱི་གནས་རྟགས་ལྟ་བུའི་འཁྲུག་ཆ་དོད་པའི་ཚོང་སྐོར་ཡིན་མོད། འོན་ཏེ་སྒྲིག་བཀོད་རྙིང་པ་ཆགས་པ་དང་ལས་རྣམ་རྐྱང་པ་ཡིན་པས་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྗེས་ཟིན་གྱི་མེད་པ་རེད། ད་ཆ་2026ལོའི་སྣེ་གདོང་ཆུས་ཀྱི་གྲོང་ཁྱེར་གསར་སྒྱུར་གྱི་ཁག་ཐེངས་གསུམ་པའི་གཅིག་སྡུད་བཤིག་སློག་གི་གཙོ་གནད་ཁུལ་ཁོངས་ཡིན་པའི་ས་ཆ་དེ་གའི་འགྱུར་ལྡོག་གི་ཁ་ཕྱོགས་ཀྱང་ཇེ་གསལ་དུ་འགྲོ་བཞིན་ཡོད་དེ། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.8བཏང་ནས། ཉོ་སྒྲུབ་དང་། སྤྲོ་གསེང་། རིག་གནས་ཡུལ་སྐོར། དམངས་ཕན་ཞབས་ཞུ་བཅས་གཞི་གཅིག་ཅན་གྱི་སྤུས་ཚད་མཐོ་བའི་ཁྲོམ་ཁུལ་གཏོད་རྒྱུ་དེའོ།

    མིག་སྔར། སྣེ་གདོང་ཆུས་ཀྱི་གྲོང་ཁྱེར་གསར་སྒྱུར་ལས་དོན་དེ་ཕྱོགས་གཅིག་ཚད་བརྒལ་ནས་ཕྱོགས་ཡོངས་དར་རྒྱས་ཀྱི་ཕྱོགས་སུ་སྤེལ་བཞིན་ཡོད་པ་དང་། ད་ཐེངས་གཅིག་སྡུད་བཤིག་སློག་བྱེད་ཁོངས་སུ་ཟླ་འོད་ཁྲོམ་ར་དང་། ཏུང་ཕེང་རྫ་དཀར། ཡ་ཅང་གནམ་ཁྲོམ(དུས་ཐེངས་གཉིས་པ)སོགས་ས་གནས་7ཚུད་ཡོད་པ་དང་བཤིག་སློག་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2.3ཙམ་ཟིན་གྱི་ཡོད་པ་རེད།

    ད་ཐེངས་ཀྱི་གཅིག་སྡུད་བཤིག་སློག་བྱ་ཡུལ་གྱི་འགག་རྩ་ཡིན་པའི་ཡ་ཅང་གནམ་ཁྲོམ(དུས་ཐེངས་གཉིས་པ)གྱི་རྣམ་གྲངས་དེ་ལྷོ་ཁ་མེ་འཁོར་འབབ་ཚུགས་ཀྱི་ཁུལ་ཁོངས་དང་ཐག་ཉེ་ཞིང་ས་ཆ་མུའུ་68.38བཟུང་བ་དེ་ནི་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཡིན། རྣམ་གྲངས་དོན་འཁྱོལ་བྱེད་པའི་འགོག་རྐྱེན་སེལ་ཆེད། འདས་པའི་ལོ་གསུམ་ནང་། སྣེ་གདོང་ཆུས་ཀྱིས་ཆུས་ཡོངས་ཀྱི་ནུས་པ་དང་དམངས་ཡོངས་ཀྱི་བློ་གྲོས་འདུས་ནས་ས་བསྡུ་བཤིག་སྤོའི་ལས་འགན་ལེགས་སྒྲུབ་བྱས་པ་རེད། གོམ་སྟབས་རྗེས་མར། ས་ཁོངས་དེ་གས་སྒོར་དུང་ཕྱུར་8བཏང་ནས་ས་ཁང་ཐོན་ལས་དང་། ཚོང་སྐོར། ཚོང་ལས་ཐོག་ཁང་། མགྲོན་ཁང་བཅས་གཞི་གཅིག་ཏུ་གནས་པའི་གྲོང་ཁྱེར་CBD(དཀྱིལ་དབུས་ཚོང་དོན་ཁུལ)བཏོད་དེ། ས་གནས་དེ་ས་ཁོངས་ཀྱི་འཛད་སྤྱོད་སྐུལ་སྤེལ་དང་། གྲོང་ཁྱེར་གྱི་གསོན་ཤུགས་འཕེལ་བ། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་བཅས་ཀྱི་གནས་རྟགས་གསར་པ་དང་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་པ་རེད།

    མེ་འཁོར་འབབ་ཚུགས་བྱང་རྒྱུད་ཀྱི་མཛོད་ཉར་ཟོག་འགྲུལ་གྱི་རྟེན་གཞིའི་རྣམ་གྲངས་དེས་ས་ཆ་མུའུ་442བཟུང་ཞིང་། སྣེ་གདོང་ཆུས་ཀྱི་གྲོང་ཁྱེར་གསར་སྒྱུར་གྱི་རྒྱ་ཁྱོན་ཆེ་ཤོས་དང་གནས་ཚུལ་རྙོག་དྲ་ཚ་ཤོས་ཀྱི་ཁུལ་ཁོངས་གྲས་ཤིག་ཡིན། ད་ཐེངས་བཤིག་སློག་བྱས་རྗེས། རྣམ་གྲངས་དེ་རང་སྐྱོང་ལྗོངས་རིམ་པའི“ལོ་ལྔ་ཚན་བཅོ་ལྔ་པའི”རྣམ་གྲངས་མཛོད་དུ་འཇུག་རྒྱུ་ཡིན་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་3.5བཏང་སྟེ་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་གོ་སྐབས་ལ་བརྟེན་ནས། ཚད་ལྡན་ཅན་གྱི་མཛོད་ཉར་ཟོག་འགྲུལ་རྟེན་གཞི་བཏོད་དེ་ཐོན་ལས་རིམ་སྤོར་དང་། ལས་ཞུགས་ལ་སྐུལ་སྤེལ། དམངས་ལ་ཕན་པ་འདོགས་པ་བཅས་བྱ་རྒྱུ་རེད།

    འདི་ལོ་ཚུན། སྣེ་གདོང་ཆུས་ཀྱིས་རིམ་རྩིས་བརྒྱབ་ན་སྐྲུན་དངོས་ཁག་24བཤིགས་པར་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་29052.69ཟིན་པ་དང་། མིག་སྔར་རྣམ་གྲངས་26དོན་ཐོག་ཏུ་འཁྱོལ་བ་དང་མ་དངུལ་སྒོར་དུང་ཕྱུར་13བཏང་ཡོད། སྣེ་གདོང་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་སྡེ་ཁུལ་རྙིང་པ་སྒྱུར་བཀོད་དང་། སྐྱེ་ཁམས་ཁོར་ཡུག་སླར་གསོ། གྲོང་ཁྱེར་གྱི་བྱེད་ནུས་ལེགས་གཏོང་། སྤྱི་པའི་ལེ་ལག་སྤུས་འདེགས། ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་སོགས་ལ་རྒྱུན་མཐུད་ཤུགས་བརྒྱབ་ནས། གྲོང་མི་ཚོར་གྲོང་ཁྱེར་གསར་སྒྱུར་ལས་བྱུང་བའི“སྒོ་རྩའི་བདེ་སྐྱིད”དངོས་དངོས་རྗེན་རྗེན་གྱིས་ཚོར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།