དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་དུ་ཐོ་ཕྲུག་ལ་འགྲིམ་འགྲུལ་བཙན་ཐབས་འགན་བཅོལ་ཐོག་མ་ཉོ་བའི་བྱེད་སྒོ་གཞིས་རྩེར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-28

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་ཚོང་འདུས་གྲོང་ཚོའི་དཔྱིད་རྨོད་མཛད་སྒོའི་ཐོག་ཐོ་ཕྲུག་7ལ་འགྲིམ་འགྲུལ་ལས་འཛོལ་འགན་འཁྲིའི་བཙན་ཐབས་འགན་བཅོལ་དང་དེའི་ལེ་ལག་ཚང་བའི་ཚོང་ལས་འགན་བཅོལ་ཐོག་མ་དོན་འཁྱོལ་ཐུབ་ནས། ས་མཐོའི་དཔྱིད་རྨོད་ཐོན་སྐྱེད་ལ་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་ཞིག་བསྐྲུན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་འགན་བཅོལ་ནང་ཞུགས་པའི་ཐོ་ཕྲུག་7ཚང་མ་ཚོང་འདུས་གྲོང་ཚོའི་ནོར་འཕེལ་ཞིང་འཕྲུལ་བོགས་གཏོང་ཆེད་ལས་མཉམ་ལས་ཁང་གི་ཡིན་པ་དང་སྤྱིར་ན་ཤུགས་ཚད་ཆན་ཝ་14.7ཡན་ཟིན་གྱི་ཡོད། ཐོ་ཕྲུག་རེར་འགན་བཅོལ་སྒོར་80དང་ལེ་ལག་ཚང་བའི་ཚོང་ལས་འགན་བཅོལ་སྒོར་530.4བསྐྱལ་བ་དང་། ཐོ་ཕྲུག་གཅིག་ལ་འགན་བཅོལ་སྒོར་ཁྲི་30ཙམ་ཟིན་གྱི་ཡོད་པ་རེད། འགན་བཅོལ་ཀུང་སིའི་ལས་དོན་མི་སྣས་ས་ཡུལ་དངོས་སུ་འགན་འཛིན་ལ་མིང་རྟགས་བཀོད་ནས་སྤྲད་པ་དང་འབྲེལ། འགན་བཅོལ་གྱི་སྲིད་ཇུས་སྒྲོག་འགྲེལ་ཡང་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་ཞིང་འཕྲུལ་ས་ཚིགས་ཀྱི་ལག་རྩལ་མི་སྣས་མང་ཚོགས་ལ་ཞིང་འཕྲུལ་སྤྱོད་སྐབས་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་འགྲེལ་བཤད་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།