རི་པིན་སྲིད་གཞུང་གིས་ལོ་རྒྱུས་འཁྱོག་བཤད་ཀྱི་ནང་དོན་ལྡན་པའི་སློབ་དེབ་ལ་ཞིབ་བཤེར་གཏན་འབེབས་དང་གྲོས་འཆམ་བྱས་པར་ཧན་གོས་རྒོལ་གཏམ་དྲག་པོ་བཏང་བ།
ཚེས་24ཉིན། ཧན་གོའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་རི་པིན་སྲིད་གཞུང་གིས་ཏུའུ་ཏའོ་གླིང་ཕྲན(རི་པིན་གྱིས“ཀྲུའུ་ཏའོ་གླིང་ཕྲན”ཞེས་བརྗོད་ཀྱི་ཡོད)དང་འབྲེལ་བའི་མངའ་ཁོངས་ས་ཆའི་འདོད་ཚུལ་སོགས་ཀྱི་ནང་དོན་ལྡན་པའི་མཐོ་རིམ་སློབ་འབྲིང་གི་སློབ་དེབ་ལ་ཞིབ་བཤེར་གཏན་འབེབས་དང་གྲོས་འཆམ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་འབྲེལ་རི་པིན་ཕྱོགས་ལ་འཕྲལ་མར་ཡོ་བསྲང་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།
གསལ་བསྒྲགས་ནང་ལོ་རྒྱུས་དང་། ས་ཁམས། རྒྱལ་སྤྱིའི་བཅའ་ཁྲིམས་བཅས་ཀྱི་ཐོག་ནས་ཏུའུ་ཏའོ་གླིང་ཕྲན་ཧན་གོའི་སྔར་ཡོད་ཀྱི་མངའ་ཁོངས་ས་ཆར་གཏོགས་པ་ཁ་གསལ་བཏོན་ཡོད། རི་པིན་སྲིད་གཞུང་གིས་ཏུའུ་ཏའོ་གླིང་ཕྲན་ཐད་བཏོན་པའི“ལུགས་དང་མི་མཐུན་པའི་འདོད་ཚུལ”གྱི་ནང་དོན་ལྡན་པའི་སློབ་དེབ་ལ་སླར་ཡང་ཞིབ་བཤེར་གཏན་འབེབས་དང་གྲོས་འཆམ་བྱས་པར་ཧན་གོ་ཕྱོགས་ཀྱིས་རྒོལ་གཏམ་དྲག་པོ་གཏོང་རྒྱུ་མ་ཟད། “ཏུའུ་ཏའོ་གླིང་ཕྲན་སྐོར་གྱི་རི་པིན་ཕྱོགས་ཀྱི་ལུགས་དང་མི་མཐུན་པའི་འདོད་ཚུལ་ཚང་མ་དང་ལེན་བྱེད་ཀྱི་མིན”ཞེས་ནན་བཤད་བྱས་ཡོད་པ་འཁོད་ཡོད།
གསལ་བསྒྲགས་ནང་ད་དུང་ཧན་གོ་སྲིད་གཞུང་གིས་རི་པིན་གྱི་སློབ་དེབ་ཁག་གཅིག་ནང་རི་པིན་དམག་གིས“འདོད་སྐོང་མར”གནོད་འཚེ་བཏང་ཚུལ་གསལ་པོ་མི་ཤོད་པ་དང་ངལ་རྩོལ་བཟོ་པ་བཙན་ཤེད་ཀྱིས་བསྡུས་པའི་གནད་དོན་ཐད་འཁྱོག་བཤད་བྱས་པར་བློ་ཕམ་ཆེན་པོ་བྱུང་ཞེས་བརྗོད་པ་མ་ཟད། རི་པིན་སྲིད་གཞུང་གིས་ལོ་རྒྱུས་ཀྱི་གནད་དོན་ལ་དགོངས་དག་ཞུ་བ་དང་རང་སྐྱོན་རང་བརྟག་གི་རྣམ་འགྱུར་གྱི་ཐོག་ནས་ལོ་རྒྱུས་ཀྱི་སློབ་གསོ་སྤེལ་དགོས་པའི་ལྕག་སྐུལ་ཡང་བྱས་ཡོད་ཅེས་བརྗོད་ཡོད།
འབྲེལ་ཡོད་གསར་འགྱུར།