དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཡོ་རོབ་ཏུ་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ཀྲུང་གོ་ཨང་གསུམ་པར་སླེབས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-03-27

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ལིན་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་24ཉིན། ཡོ་རོབ་ཁེ་བེད་བདག་ཐོབ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་2025ལོའི་ལག་རྩལ་མངོན་ཆས་སྙན་ཞུ་ལས་མངོན་པར། 2025ལོར་སྒྲིག་གཞི་དེར་ཀྲུང་གོའི་ཁེ་བེད་བདག་ཐོབ་རེ་ཞུ་ཁག་22031འབྱོར་བ་དེ་དུས་མཚུངས་ལས་9.7%འཕར་བ་དང་། ཀྲུང་གོའི་ཁེ་བེད་བདག་ཐོབ་རེ་ཞུའི་གྲངས་འབོར་ཨང་གསུམ་པར་ཐེངས་དང་པོ་སླེབས་ནས། ཁེ་བེད་བདག་ཐོབ་རེ་ཞུ་བྱེད་མཁན་རྒྱལ་ཁབ་ཨང་དང་པོ་ནས་བཅུ་པའི་བར་འཕར་ཚད་མགྱོགས་ཤོས་ཡིན་པ་རེད།

    སྙན་ཞུ་ལས་མངོན་པར། ཁེ་བེད་བདག་ཐོབ་རེ་ཞུ་བྱེད་མཁན་རྒྱལ་ཁབ་ཨང་དང་པོ་ནས་ལྔ་པ་བར་ནི་རིམ་པ་བཞིན་ཨ་རི་དང་། འཇར་མན། ཀྲུང་གོ རི་པིན། ཧན་གོ་བཅས་ཡིན་ཞིང་། ཀྲུང་གོའི་ཁེ་བེད་བདག་ཐོབ་རེ་ཞུའི་གྲངས་འབོར་གྱིས་ཡོ་རོབ་ཁེ་བེད་བདག་ཐོབ་ཅུས་ལ་2025ལོར་འབྱོར་བའི་རེ་ཞུའི་བསྡོམས་འབོར་གྱི་10.9%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།