དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་དང་གཉིས་པར་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་16.1%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-27

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་ཁྲལ་བསྡུའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་དང་གཉིས་པར་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཀྱི་འཕེལ་ཕྱོགས་བཟང་པོ་ཡོད་པ་དང་། ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་16.1%འཕར་ནས་ཅུང་མགྱོགས་པོ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    དེའི་ནང་། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་17.2%འཕར་བ་དང་། ལྷག་པར་དུ་ཚན་རྩལ་མཚམས་སྦྱོར་ཞབས་ཞུ་དང་། རང་བྱུང་ཚན་ཞིབ་དང་ཚོད་ལྟ་འཕེལ་རྒྱས་དུས་མཚུངས་ལས་25.6%དང་17.4%སོ་སོར་འཕར་ཡོད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་14.5%འཕར་བ་དང་། དམའ་དབྱིངས་དཔལ་འབྱོར་དང་། ཚོང་ལས་མཁའ་འགྲུལ། འཛད་སྤྱོད་གློག་རྡུལ་སོགས་ཀྱི་སྐུལ་ཁྲིད་འོག མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་སྒྲིག་བཀོད་ཀྱི་བཟོ་སྐྲུན་ལས་རིགས་དང་། གློག་རྡུལ་དང་འཕྲིན་གཏོང་སྒྲིག་ཆས་ཀྱི་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་28.5%དང་18.4%སོ་སོར་འཕར་ཡོད་པ་རེད།

    ཚན་རྩལ་ཐོན་ཁུངས་ཀྱི་གཙོ་རྒྱུ་འཁོར་རྒྱུག་ཡག་པོ་ཡོད་ཅིང་། ཟླ་བ་དང་པོ་དང་གཉིས་པར། ཚན་རྩལ་གཙོ་རྒྱུ་བསྡུ་སྒྲིལ་དང་རིན་ཐང་གཞན་སྒྱུར་གྱི་གཡུལ་ས་གལ་ཆེན་ཞིག་ཡིན་པའི་རང་རྒྱལ་གྱི་ཚན་ཞིབ་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་23.6%འཕར་ནས་ཅུང་མགྱོགས་པོ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཚན་རྩལ་འདུས་ཚད་ཅུང་མཐོ་བའི་ཤེས་བྱའི་བདག་དབང(ཁེ་བེད་བདག་ཐོབ)འདུས་ཆེའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་12.8%འཕར་ཡོད་པ་རེད།

    གྲངས་དངོས་དཔལ་འབྱོར་མཉམ་འདྲེས་ལ་སྐུལ་འདེད་མགྱོགས་པོ་ཐེབས་ཤིང་། ཟླ་བ་དང་པོ་དང་གཉིས་པར། ཁེ་ལས་ཀྱིས་གྲངས་འཛིན་ལག་རྩལ་ཉོ་སྒྲུབ་བྱས་པའི་དངུལ་གྲངས་དུས་མཚུངས་ལས་10.8%འཕར་བ་ལས་ཐོན་ལས་གྲངས་འཛིན་ཅན་ཚད་རིམ་གཉིས་འཕར་བྱུང་བ་མཚོན་ཡོད་པ་དང་། དེའི་ནང་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱིས་གྲངས་འཛིན་ལག་རྩལ་ཉོ་སྒྲུབ་བྱས་པའི་དངུལ་གྲངས་དུས་མཚུངས་ལས་16%འཕར་ཡོད། གྲངས་འཛིན་དཔལ་འབྱོར་ལྟེ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་10.8%འཕར་བ་ལས་གྲངས་འཛིན་ཐོན་ལས་ཅན་འཕེལ་རྒྱས་ཅུང་མགྱོགས་སུ་ཕྱིན་པ་མཚོན་པ་དང་། དེའི་ནང་གྲངས་འཛིན་ཐོན་རྫས་བཟོ་སྐྲུན་ལས་རིགས་དང་གྲངས་འཛིན་ལག་རྩལ་བཀོལ་སྤྱོད་ལས་རིགས་དུས་མཚུངས་ལས་13.3%དང་11.9%སོ་སོར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།