དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་དཔེ་ཧུར་ཐག་གཏོད་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དངོས་འཛིན་དངོས་སྒྲུབ་བྱེད་པར་ལྕག་སྐུལ་ཐེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ འདི་ག་ཚགས་པར་གྱི་གསར་འགོད་པ།   |     སྤེལ་དུས།  2026-03-27

    ཟླ་3ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དངོས་འཛིན་དངོས་སྒྲུབ་བྱེད་པར་ལྕག་སྐུལ་གནང་བ་རེད། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཞུང་ཨན་ཁུལ་གསར་ནི་པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་ཁ་འགྲེམས་ཀྱི་གཅིག་སྡུད་ཐེག་ཁུར་ཁུལ་ཡིན་པའི་བྱེད་ནུས་གཙོ་བོའི་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། འཐབ་ཇུས་ཀྱི་ངེས་ཤུགས་དང་ལོ་རྒྱུས་ཀྱི་ངང་རིང་རྒྱུན་འཁྱོངས་བྱས་ཏེ་བསམ་བློར་སྔར་བས་བཅིངས་འགྲོལ་དང་། བསམ་ཕྱོགས་གསར་འབྱེད། མཐུན་སྦྱོར་ལ་ཤུགས་སྣོན། མཉམ་ཤུགས་གཅིག་སྒྲིལ་བཅས་བྱས་ནས། སྒྱུར་བཅོས་གསར་གཏོད་ཁྲིད་སྟོན་དུ་བྱས་ཏེ་ནང་སྐྱེས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོ་དང་ཐོན་ཁུངས་ལུགས་མཐུན་གཅིག་སྡུད་བྱ་རྒྱུ་གཙོ་གནད་དུ་བྱས་ནས་ཁུལ་གསར་གྱི་གསོན་ཤུགས་འཕེལ་བར་བྱས་ཏེ། དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མ་དཔེ་ཧུར་ཐག་གཏོད་ཀྱི་ཡིན་ཞེས་བརྗོད།

    པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་ཁ་འགྲེམས་དང་ཐེག་ཁུར་ལ་སྔར་བས་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ།

    “ང་ཚོས་པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་ཁ་འགྲེམས་ཀྱི‘འགག་རྩ’འདིར་དམ་པོར་དམིགས་ཏེ་ཁག་ཐེངས་དབྱེ་བ་དང་འཆར་གཞི་ལྟར་ཀྲུང་དབྱང་ཁེ་ལས་དང་། མཐོ་སློབ། སྨན་ཁང་བཅས་ཁ་འགྲེམས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་སྒྲིག་གཞི་དང་། ཚན་ཞིབ་ཁང་། བྱ་གཞག་ཚན་པ་བཅས་ཁ་འགྲེམས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཁ་འགྲེམས་མི་སྣ་ཞུང་ཨན་དུ་གཞིས་ཆགས་ཐུབ་པ་དང་འཕེལ་རྒྱས་ཡག་པོ་ཡོང་བའི་འགན་ལེན་བྱེད་པ། ཞུང་ཨན་ཁུལ་གསར་གྱིས་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་རྒྱབ་སྐྱོར་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པ་བཅས་བྱས་ཏེ་ཁུལ་གསར་དུ་མི་ཚོགས་མང་དུ་འགྲོ་བ་དང་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་ཀྱི་ཡིན”ཞེས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སིའི་སི་ཀྲང་ཝུའུ་ཧྲུའུ་ལིན་གྱིས་བརྗོད་པ་དང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་ས་ཁོངས་གཞུང་དོན་ཁང་གི་ཞིབ་ཕྲའི་ལས་ཀའི་འགན་འཁྲི་ཏན་ཏིག་ཁུར་ནས་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    2023ལོ་ཚུན། ཞུང་ཨན་ཁུལ་གསར་གྱིས་ཀྲུང་དབྱང་ཁེ་ལས་ཀྱི་རིམ་པ་གཉིས་པ་དང་གསུམ་པའི་ཡན་ལག་ཀུང་སི་146གསར་དུ་ནང་འདྲེན་བྱས་པ་དང་། ཀྲུང་དབྱང་ཁེ་ལས་ཀྱིས་རིམ་རྩིས་བརྒྱབ་ན་ཡན་ལག་སྒྲིག་གཞི་སྣ་ཚོགས་400ལྷག་ཙམ་བཙུགས་ཡོད། “མི་སྣ་ཁ་འགྲེམས་ཐད་དེ་སྔ‘གཟའ་མཇུག་ལ་པེ་ཅིང་དུ་ལོག་པ’ནས་ད་ཆ‘ནང་མི་ཞུང་ཨན་དུ་ཡོང་བའི’བར་འགྱུར་ལྡོག་ཕྱིན་ནས་བྱེད་ནུས‘ཁ་འགྲེམས་ངོ་མ’དང་། རྣམ་གྲངས‘དོན་འཁྱོལ་ངོ་མ’ ཤེས་ལྡན་པ‘གཞིས་ཆགས་ངོ་མ’བཅས་མངོན་འགྱུར་བྱུང་ཡོད། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་ནི་རྦད་དེ་ཡང་དག་པ་དང་ཕྱོགས་ཁག་གི་ལས་དོན་ཡང་ཏན་ཏིག་དང་ཕན་འབྲས་ལྡན་པ་ང་ཚོས་ཟབ་མོ་ཚོར་བྱུང”ཞེས་ཞུང་ཨན་ཁུལ་གསར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཧན་ཏེ་ཆང་གིས་གྲངས་ལས་འདས་པའི་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་ནས་དགའ་ཚོར་ཆེན་པོས་བཤད་ཅིང་། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཟབ་སྦྱོང་ཞིབ་རྟོགས་བྱས་ཏེ་ང་ཚོས་དངོས་ཚན་ཅན་དང་དྲ་རྒྱ་ཅན་གྱི་ཞབས་ཞུའི་འཐབ་ས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཁ་འགྲེམས་དང་ཞབས་ཞུ་འགན་སྲུང་ལས་དོན་གྱི་ནུས་རིམ་རྒྱུན་མཐུད་མཐོ་རུ་གཏོང་རྒྱུ་ཡིན”ཞེས་བརྗོད།

    སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་མཉམ་དུ་དམ་འཛིན་ཡག་པོ་བྱེད་པ།

    ཞུང་ཨན་ཁུལ་གསར་ནི་ས་ཆ་གཅིག་ནས་ས་བཀྲ་གཅིག་བར་འཆར་འགོད་དང་དེ་ནས་གྲོང་ཁྱེར་གཅིག་ནས་དེང་རབས་ཅན་གྱི་གྲོང་གསར་ཞིག་བར་རིམ་གྱིས་ཆགས་པ་ཞིག་རེད། ཞུང་ཨན་ཁུལ་གསར་ཏང་དོན་ཨུ་ལྷན་གྱི་ཨུ་ཡོན་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡུས་གོ་དབྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་གོམ་སྟབས་རྗེས་མའི་ལས་དོན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་མི་དམངས་ཀྱི་གྲོང་ཁྱེར་འདུ་ཤེས་ལག་ལེན་ནན་ཏན་བསྟར་བ་དང་། གྲངས་རིག་ཅན་གྱི་འཕེལ་ཕྱོགས་དང་བསྟུན་པ། སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་གཞི་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་པ། འདུ་ཤེས་དང་། བྱེད་སྟངས། བྱེད་ཐབས་བཅས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་བཅས་བྱས་ནས་ཞུང་ཨན་ཁུལ་གསར་གྱི་ཕྱོགས་བསྡུས་ཐེག་ནུས་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ་ཡིན”ཞེས་བརྗོད།

    ཐོག་ཁང་གི་ཕྱི་ངོས་གཞི་རྩའི་ཆ་ནས་བཀག་ཟིན་པ་དང་། གྱང་རྩིག་ཐེངས་གཉིས་པ་དང་འཕྲུལ་གློག་སྒྲིག་སྦྱོར་སོགས་ལ་སྐུལ་སྤེལ་མྱུར་པོ་གཏོང་བཞིན་ཡོད་པ་སོགས། ཀྲུང་གོ་ཞུང་ཨན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་རྒྱལ་ཁབ་ཚོང་དོན་ལྟེ་གནས་ཡུག་ཁུལ་གྱི་སྒྲོམ་གཞི་མགྱོགས་མྱུར་གྲུབ་བཞིན་ཡོད། ཀུང་སིའི་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཡའོ་ཏུང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ང་ཚོས་ངེས་པར་དུ‘ཞུང་ཨན་གྱི་སྤུས་ཚད’ཧུར་ཐག་བཏོད་དེ་ཚད་གཞི་མཐོ་པོས་ཨར་སྐྲུན་གྱི་ཞིབ་ཆ་སྟངས་འཛིན་དང་ལོ་འཁོར་གྱི་དམིགས་ཚད་ལས་འགན་དང་ལྷུ་ཚིགས་གལ་ཆེན་གཏན་འཁེལ་བྱས་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་གཏོང་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།

    ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ།

    “མཁའ་དབྱིངས་ཆ་འཕྲིན་དང་། མི་ཐབས་རིག་ནུས། གྲངས་འཛིན་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་200ལྷག་ཙམ་གཞིས་ཆགས་པས་ཐོན་ལས་ཚོ་འདུས་ཁུལ་ཆེན་པོ་དྲུག་གི་འཕེལ་ཕྱོགས་ཧ་ཅང་བཟང་པོ་ཡོད”ཅེས་ཞུང་ཨན་ཁུལ་གསར་སྒྱུར་བཅོས་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་དང་བཟོ་འཕྲིན་ཚན་རྩལ་གྲངས་གཞི་ཅུས་ཀྱི་ཅུས་ཀྲང་ཝང་ཡན་ཝུའེ་ཡིས་བརྗོད་པ་དང་། ཁོང་གིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་ཁེ་ལས་སྐྱེད་སྲིང་གི་གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་དབྱེ་ཕྲལ་བྱེད་པར་དམིགས་ཏེ། མཁའ་དབྱིངས་ཆ་འཕྲིན་དང་། མི་ཐབས་རིག་ནུས། རྒྱུ་ཆ་གསར་པ་སོགས་གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་ཚོ་འདུས་རྣམ་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་རིམ་པ་མཐོ་བའི་ཐོན་ལས་གྲུབ་ཆ་དང་ནུས་རིམ་མཐོ་བའི་ཚན་རྩལ་གསར་གཏོད་ལས་སྟེགས་ནུས་ཤུགས་ཡོད་རྒུས་སྐྲུན་གྱི་ཡིན”ཞེས་བརྗོད།

    ཞུང་ཨན་ཁུལ་གསར་ཀྲུང་ཀོན་གྲོང་ཚོའི་ཚན་རྩལ་གླིང་སྒོ་བྱང་བཀལ་ནས་ལོ་གཉིས་ལྷག་ཙམ་སོང་རིང་ཚན་རྩལ་གསར་གཏོད་ཁེ་ལས་268འདུས་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ང་ཚོའི‘པེ་ཅིང་གིས་ཞིབ་སྤེལ་དང་ཞུང་ཨན་གྱིས་གཞན་སྒྱུར’གྱི་མཐུན་སྦྱོར་ཐབས་ལམ་དེ་བས་བརྟན་དུ་ཕྱིན་ཡོད”ཞུང་ཨན་ཁུལ་གསར་ཀྲུང་ཀོན་གྲོང་ཚོའི་ཚན་རྩལ་གླིང་གི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཧའོ་ཞའོ་ལེ་སེམས་ཤུགས་རབ་ཏུ་འཕེལ་ཞིང་། ཁོང་གིས“ང་ཚོས་གསར་གཏོད་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གསར་གཏོད་ཀྱི་གྲུབ་འབྲས་དེ་བས་མང་བ་ཞུང་ཨན་དུ་བཀོལ་སྤྱོད་བྱེད་རྣམ་དང་གཞན་སྒྱུར་ལེགས་གྲུབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གསར་གཏོད་ཀྱི་ནུས་ཕྱོད་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་ལ་འགྱུར་བ་བྱེད་ཀྱི་ཡིན”ཞེས་བརྗོད།

    ན་ནིང་ལོ་མཇུག་ཏུ་ཞུང་ཨན་ཁུལ་གསར་གྱིས《ཆུ་ཚད་མཐོ་བའི་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》བཏོན་ནས་གསར་གཏོད་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཞུང་ཨན་ཁུལ་གསར་གྱི་ཚོང་གཉེར་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་ཀའོ་ལི་ཁྲུན་གྱིས“ང་ཚོས‘འགོག་རྐྱེན་གང་ཡང་མེད་པའི་ཐོག་ནས་དོན་དག་རེ་རེ་ཡག་པོ་བསྒྲུབ་རྒྱུ’དེ་དམ་འཛིན་བྱ་གཞིར་བྱས་ནས་ཆོད་སེམས་དང་ནུས་ཤུགས་དེ་བས་ཆེ་བའི་ངང་ལམ་ལུགས་གསར་གཏོད་དང་། བརྒྱུད་རིམ་ལེགས་གཏོང་། ཞབས་ཞུ་རིམ་སྤོར་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ཐེག་ཁུར་ཁ་འགྲེམས་དེ་བས་ཕན་འབྲས་ཆེ་བ་དང་། སྒྱུར་བཅོས་གསར་གཏོད་དེ་བས་གཏིང་ཟབ་པ། སྲིད་དོན་ཞབས་ཞུ་དེ་བས་སྤུས་ལེགས་བཅས་ཡོང་བ་བྱེད་ཀྱི་ཡིན”ཞེས་བརྗོད།

    ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་གཏིང་ཟབ་བྱེད་པ།

    “མིག་སྔར་ཧོ་པེས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུཌ་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འཆར་འགོད་བཀོད་སྒྲིག་ནན་ཏན་དང་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱེད་པ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། དཔེ་ཀློག་འཛིན་གྲྭ ཆེད་དོན་བགྲོ་གླེང་སོགས་བརྒྱུད་ཕྱོགས་ཁག་གི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་ཆབ་སྲིད་ཀྱི་ཁོར་ཡུག་སྲོལ་བཟང་སྤྱོད་བཟང་ཡོང་བར་སྣེ་ཁྲིད་བྱེད་ཀྱི་ཡིན”ཞེས་ཧོ་པེ་ཞིང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཝང་ཀྲེ་ཀྲུང་གིས་བརྗོད།

    པེ་ཅིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཤིའུ་ལིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དེ་རང་རྟོགས་ངང་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས་ཀྲུང་དབྱང་ཁོངས་གཏོགས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་དབྱེ་ཕྲལ་ལ་ཞབས་འདེགས་ཧུར་ཐག་ཞུ་བ་དང་། ཅིང་ཅིན་ཅིའི་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་ཞུང་ཨན་གྱི་ལྟེ་བའི་ལས་སྟེགས་ནུས་པ་གང་ལེགས་འདོན་པ། ཅིང་ཞུང་གི་ཐོན་སྐྱེད་ནུས་ཤུགས་གསར་མའི་བར་ཁྱམས་གཏོད་པ། པེ་ཅིང་གི་སྤུས་ལེགས་སློབ་གསོ་དང་སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་དང་ཞུང་ཨན་ཁུལ་གསར་གྱི་སྦྲེལ་མཐུད་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཞུང་ཨན་དང་པེ་ཅིང་དབར་གྱི་མྱུར་བགྲོད་འཁོར་ལམ་གྱི་འབྲེལ་བ་ཟབ་ཏུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།