ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས།
SMTརིག་ནུས་མཐའ་སྣེའི་རྣམ་གྲངས་བདེ་བླག་ངང་ཐོན་སྐྱེད་བྱེད་འགོ་ཚུགས་པ།
ཉིན་ཤས་གོང་། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་SMTརིག་ནུས་མཐའ་སྣེའི་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་3000བཏང་ཞིང་། གཙོ་བོ་གློག་འདྲེན་ཕྱེད་རྫས་དང་། འདུས་གྲུབ་གློག་ལམ་ཇུས་འགོད། གློག་རྡུལ་འཕྲུལ་ཆས་ཀྱི་ལྷུ་ལག་ལས་སྣོན་བཟོ་སྐྲུན་བཅས་བྱེད་ཀྱི་ཡོད་པ་དང་། ཐོན་རྫས་ཀྱི་གྲས་སུ་སྲ་གཟུགས་སྲ་སྡེར་དང་Uསྡེར་སོགས་ཚུད་པ་དང་། ཁྲོམ་ར་གཙོ་བོ་ཀྲུང་གོའི་ཤང་ཀང་དང་སིང་ཀ་ཕོར་སོགས་ས་ཁུལ་དང་རྒྱལ་ཁབ་ལ་ཕྱོགས་ཡོད། རྣམ་གྲངས་ཚང་མ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་སྔོན་དཔག་བྱས་ན་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་2000ལྷག་ཙམ་ཟིན་རྒྱུ་དང་ལོའི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་10ཟིན་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཚུན་དུ། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་ཁེ་ལས་7གསར་དུ་བསྡུས་པར་རིམ་རྩིས་བརྒྱབ་ན་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་8.6ལེགས་སྒྲུབ་བྱས་པ་དེས་ལྗོངས་ཡོངས་ཀྱི་47.1%བཟུང་ཡོད། དེའི་ནང་ཁྲལ་སྲུང་ལས་སྒོའི་རིན་ཐང་སྒོར་དུང་ཕྱུར་7.38ཟིན་པ་དེ་དུས་མཚུངས་ལས་1951%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།