དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟླ་བ་དང་པོ་དང་གཉིས་པར་འགྲམ་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་ཟོག་ཐང་དུས་མཚུངས་ལས་43.79%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-27

    ད་ལོ་ནས་བཟུང་། བོད་ལྗོངས་འགྲམ་འགག་སྒོ་ནས་ཕྱིར་གཏོང་ནང་འདྲེན་བྱས་པའི་ཚོང་དོན་མུ་མཐུད་འཁྲུག་ཏུ་སོང་ཞིང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་བ་དང་པོ་དང་གཉིས་པར་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་ཟོག་ཐང་སྒོར་དུང་ཕྱུར་4.70ཟིན་པ་དེ་དུས་མཚུངས་ལས་43.79%འཕར་ནས་འགོ་ཚུགས་བཀྲ་ཤིས་བྱུང་ཡོད་པ་རེད།

    ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཁོངས་གཏོགས་གཉའ་ལམ་འགག་སྒོའི་ལས་དོན་པའི་ལྟ་འདོམས་འོག རྒྱལ་ཐོན་ནུས་གསར་རླངས་འཁོར་རེ་རེ་བཞིན་ཕྱི་རྒྱལ་ལ་གཏོང་བཞིན་ཡོད། ཟླ་བ་དང་པོ་དང་གཉིས་པར་འགྲམ་འགག་སྒོ་ནས་ནུས་གསར་རླངས་འཁོར་771ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་38.92%འཕར་ནས་འགག་སྒོའི་ཕྱི་ཕྱོགས་ཚོང་དོན་གྱི“འཕར་གཞི་གསར་པར”གྱུར་ཡོད།

    མངོན་གསལ་དོད་པའི་གྲུབ་འབྲས་འདི་ལྟ་བུ་ཐོབ་དོན་ནི་འགག་སྒོའི་ལྟ་འདོམས་ཞབས་ཞུ་རྒྱུན་མཐུད་ངང་རིམ་སྤོར་བྱུང་བས་རེད། གཉའ་ལམ་འགག་སྒོ་ལས་ཁུངས་ཀྱིས་བགྲོད་ལམ་རྨང་གཞིར་བྱས་ཏེ་རྒྱལ་ཐོན་ནུས་གསར་རླངས་འཁོར་དང་ཞིང་ཞོར་ཐོན་རྫས་ཕྱིར་གཏོང་གི“ལྗང་མདོག་བགྲོད་ལམ”བཏོད་དེ། ཟླ་བ་དང་པོ་དང་གཉིས་པར་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་3507.34ཟིན་པ་དེ་དུས་མཚུངས་ལས་81.98%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།