དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཅ་སུང་སྡེ་ཁུལ་གྱིས།

    རྒྱུན་རྣམ་ཅན་གྱི་ལམ་སྲོལ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-27

    “ཁྱེད་ཚོ་ཏག་ཏག་སླེབས་བྱུང་། ང་ཚོའི་མཛོད་ཁང་ནང་ཆུ་ཐིགས་པ་རྒྱག་གི་འདུག སུ་བཙལ་དགོས་མིན་ཤེས་མ་སོང་། ཁྱོད་ཚོས་མགྱོགས་པོ་ཐབས་ཤེས་གཏོང་དང” 2025ལོའི་ཟླ་8པའི་གཟའ་མིག་དམར་གྱི་སྔ་དྲོར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་ཅ་སུང་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་བདེ་སྐྱིད་ཁུལ་ཆུང་གི་Fཁུལ་དུ་སླེབས་མ་ཐག་གྲོང་མི་ཝུའུ་ལགས་ཀྱིས་དེ་ལྟར་བཤད།

    འདི་ནི་ཅ་སུང་སྡེ་ཁུལ་གྱི“གཟའ་འཁོར་རེའི་ཞིབ་བཤེར”གྱི་རྒྱུན་གཏན་གྱི་རྣམ་པ་ཞིག་རེད། བྲག་ཡིབ་ཆུས་ཀྱི་སྡེ་ཁུལ་གསར་ཤོས་དེས་2025ལོའི་ཟླ་7པར“ཁྱིམ་མཚེས་རོགས་རེས། ཞབས་ཞུ་མཉམ་འདྲེས”ཞེས་པའི་སྡེ་ལས་སྤེལ་རེས་བྱེད་སྒོས་ཁོངས་གཏོགས་ཁུལ་གྱི་སྡེ་ལས་ཀུང་སི་5མཉམ་ལས་བྱས་ཏེ་ས་ཁྱོན་སྤྱི་ལེ་ངོས་གྲུ་1.8ཐོག་གི་གྲོང་མི་ཁྲི་1.6ལྷག་ཙམ་ལ་སྡེ་ཁུལ་བཅོས་སྐྱོང་གི“དྲོ་སྐྱིད”དང“མྱུར་ཚད”དངོས་འབྲེལ་ཚོར་བར་བྱས་ཡོད།

    སྡེ་ཁུལ་གྱི་ལས་ཀ་བྲེལ་བ་ཆེ་ནའང་ཅ་སུང་སྡེ་ཁུལ་ཏང་ཨུད་ཀྱིས་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་སྣེ་ཁྲིད་པ་དང་སྡེ་ལས་ཀུང་སི་ཁག་གི་འགན་འཁུར་བ་དང་མཉམ་དུ་དྲ་མིག་ཏུ་བསྐྱོད་དེ་གཟའ་འཁོར་རེར་ཞིབ་བཤེར་ཐེངས་རེ་བྱེད་ཀྱི་ཡོད།

    “གཟའ་འཁོར་རེར་ཞིབ་བཤེར”བྱེད་པ་ནི་རྣམ་པ་ཙམ་མ་ཡིན་པར་གནད་དོན་དངོས་ལ་ཤེས་རྟོགས་དང་གནད་དོན་དངོས་ཐག་གཅོད་བྱེད་པ་ཞིག་ཡིན། བྱེད་སྒོ་སྤེལ་ཚུན། བདེ་སྐྱིད་ཁུལ་ཆུང་གི་Fཁུལ་གྱི“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་དེ“གཟའ་འཁོར་རེའི་ཞིབ་བཤེར”ཁྲོད་རྩ་བ་ནས་ཐག་གཅོད་ཐུབ་ཡོད།

    སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་གནད་དོན་ལ་དམིགས་ནས་སྡེ་ཁུལ་ཏང་ཨུད་དང་མཉམ་དུ་གྲོང་ཁྱེར་ལས་དོན་དང་། གྲོང་ཁྱེར་དོ་དམ། སྡོད་ཁང་འཛུགས་སྐྲུན་སྡེ་ཚན་བཅས་སུ་སྐྱོད་ཀྱི་ཡོད། གྲོང་ཁྱེར་ལས་དོན་ཀུང་སིའི་ལས་མི་ཡོང་ནས་བཙོག་ཆུ་འཐེན་པ་དང་མདོང་ལམ་བརྗེས་པ་མ་ཟད། “དམངས་ལ་བྱ་བ་དངོས་སྒྲུབ་པའི”གྲོན་དངུལ་སྤྱད་དེ་ཆེད་ལས་ཚོགས་པ་གདན་དྲངས་ནས་མཛོད་ཁང་གི་ཐོག་ཉམས་བཟོ་དང་གད་སྙིགས་དབོར་རོགས་བྱས་པའི་ཁར་གྲོང་ཁྱེར་ལས་དོན་སྡེ་ཚན་གྱིས་ཡང་བསྐྱར་ཡོང་སྟེ་མདོང་ལམ་འགག་པ་དེ་བཤངས་པ་རེད།

    དབྱར་སྟོད་ནས་སྟོན་སྟོད་བར་གྱི་ཟླ་བ་ཁ་ཤས་བསྟུད་མར། ཏང་ཡོན་ལས་བྱེད་པ་ཚོས་མཚན་དགུང་དུ་མྱུར་བཟོ་བྱེད་རོགས་དང་གཟའ་མཇུག་ཏུ་གྲལ་བཤེར་མཐུན་སྦྱོར་བྱས་པས། གནད་དོན་ཐག་གཅོད་བྱེད་དཀའ་བ་མང་པོ་ཐག་གཅོད་བྱུང་ཡོད།

    “གཟའ་འཁོར་རེའི་ཞིབ་བཤེར”ཕུད། ཅ་སུང་སྡེ་ཁུལ་གྱིས“ཟླ་རེའི་སྤེལ་རེས”ཚོགས་འདུའི་ཐོག་སྡེ་ཁུལ་དོ་དམ་གྱི་དཀའ་གནད་ལ་དམིགས་ནས། ཉམས་མྱོང་དང་བྱེད་ཐབས་མཉམ་སྤྱོད་བྱས་ཏེ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་དང་དགེ་ལེན་སྐྱོན་སེལ་ཐད་སྐུལ་འདེད་གཏོང་གི་ཡོད། དེ་ཡང་སྡེ་ལས་ཅིང་ལི་ཚོས་རེ་སྒུག་ཆེ་ཤོས་བྱེད་པའི་ཚོགས་འདུ་ཞིག་རེད།

    ཚང་མས“སྤེལ་རེས་བྱེད་སྟངས་དེ་རིགས་ལས་སྔོན་ཆད་རང་ཉིད་ཀྱིས་མགོ་བོ་ན་ན་བསམ་བློ་གཏོང་དགོས་པའི་དཀའ་ངལ་མང་པོ་ཞིག་ལ་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་བྱུང་ནས་སྡེ་ལས་ཞབས་ཞུ་ལེགས་སུ་གཏོང་བའི་ཐབས་བཟང་ལ་འགྱུར་ཐུབ་ཀྱི་འདུག”ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཅ་སུང་སྡེ་ཁུལ་གྱི“དུས་ཚིགས་རེའི་ཕྱོགས་སྡོམ”ཐོག་གཙོ་བོ་བྱེད་སྒོའི་ཕན་འབྲས་དང་ལག་ལེན་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་ཀྱི་ཡོད།

    ཉེ་ཆར་གྱི་དུས་ཚིགས་རེའི་ཕྱོགས་སྡོམ་ཚོགས་འདུ་ཞིག་གི་ཐོག་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་དང་སྡེ་ལས་ཅིང་ལིས་གྲུབ་འབྲས་བརྡ་ཁྱབ་བཏང་བ་རེད།

    བར་ཁྱམས་དེ་བས་གཙང་བ་དང་། སྔོ་འགྱུར་དེ་བས་མཛེས་པ། གློག་གསོག་གློག་སྐུད་གྲལ་འགྲིག་པ། མེ་ཟོན་བགྲོད་ལམ་ཤར་གཏོང་ཐུབ་པ་སོགས་གྲོང་མིའི་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་དང་བདེ་སྐྱིད་ཚོར་སྣང་དུ་གྱུར་ཡོད།

    “གཟའ་འཁོར་རེའི་ཞིབ་བཤེར་དང་། ཟླ་རེའི་སྤེལ་རེས། དུས་ཚིགས་རེའི་ཕྱོགས་སྡོམ”བཅས་ཀྱི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བརྒྱུད། ཅ་སུང་སྡེ་ཁུལ་གྱིས་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ཁྱིམ་མཚེས་དབར་ཕན་ཚུན་རོགས་རམ་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་དེ་བས་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།