སྐྱེ་ཁམས་ལེགས་ཆ་དང་ལག་རྩལ་གསར་གཏོད་ཟུང་འབྲེལ་གྱིས་ཞིང་པའི་ཡོང་འབབ་རྒྱུན་མཐུད་འཕར་བར་སྐུལ་ཁྲིད་བྱེད་པ།

ས་བབ་སྨི་3600ལྷག་ཙམ་ཟིན་པའི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་ས་གནས་དེ་གའི་ཁེ་ལས་ཀྱིས་ས་མཐོའི་ལྷད་མེད་ཀྱི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་པད་སྣུམ་ཐོན་སྐྱེད་བྱེད་ཅིང་། ཁེ་ལས་ཀྱིས“ཁེ་ལས་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད”བཅས་མཉམ་དུ་འབྲེལ་བའི་བྱེད་ཐབས་སྤྱད་ནས་ཞིང་དུད་800ལྷག་ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ་རེད། འདི་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་གཙོ་གནད་ཚོང་འགུགས་མ་འདྲེན་ཁེ་ལས་ཡིན་པའི་བོད་ལྗོངས་ན་ལན་སྐྱེ་ཁམས་ཐོན་ལས་ཚད་ཡོད་ཀུང་སིའི་ལས་མིས་པད་སྣུམ་བཅུད་ལེན་སྒྲིག་ཆས་ཀྱི་གྲངས་གཞིར་ཐོ་འགོད་བཞིན་པ།
འབྲེལ་ཡོད་གསར་འགྱུར།