མངལ་འཁོར་བའི་བུད་མེད་ཚོར་གཏམ་བཟང་ཞིག་ཡོད།
རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང(བོད་རང་སྐྱོང་ལྗོངས་མ་བུའི་བདེ་ཐང་འགན་སྲུང་སྨན་ཁང)གིས་མངལ་འཁོར་དུས་དང་ཕྲུ་གུ་མ་སྐྱེས་གོང་གི་དབྱེ་བཤེར་རྣམ་གྲངས་ལ་སྨན་རིན་མི་དགོས་པར་བརྟག་དཔྱད་བྱ་རྒྱུའི་སྤྱི་བསྒྲགས།
རྒྱ་ཆེའི་གྲོང་མི་རྣམས་ལ་ཞུ་རྒྱུར།
བོད་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང(བོད་རང་སྐྱོང་ལྗོངས་མ་བུའི་བདེ་ཐང་འགན་སྲུང་སྨན་ཁང)ནི་ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་འོས་ཐོབ་ལྡན་པའི་ཆེད་ཚན་སྨན་བཅོས་སྒྲིག་གཞི་ཡིན་ཞིང་། 2026ལོའི་ཟླ་3ཚེས་25ཉིན་ནས་བཟུང་སྨན་རིན་མི་དགོས་པར་ཕྲུ་གུ་མ་སྐྱེས་གོང་གི་དབྱེ་བཤེར་བྱས་ཏེ་ཆེད་ལས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་བདེ་ཐང་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།
དབྱེ་བཤེར་བྱ་ཡུལ།
བཟའ་ཚང་ཕྱོགས་གཉིས་སམ་ཡང་ན་ཕྱོགས་གཅིག་རང་ལྗོངས་ཀྱི་ཐེམ་ཐོ་ཡིན་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་མཐུན་པའི་མངལ་འཁོར་བའི་དུས་ཚོད་ཐོར་བཀོད་པའི་སྦྲུམ་མ་ཡིན་པ།
དབྱེ་བཤེར་རྣམ་གྲངས།
སྨན་རིན་མི་དགོས་པའི་བརྟག་དཔྱད་རྣམ་གྲངས་5ཡོད་པ་སྟེ། སྦྲུམ་དུས་ཀྱི་དུས་འགོའི་NTཚད་བརྒལ་སྒྲ་རླབས་ཀྱི་བརྟག་དཔྱད་དང་། རྩ་བཞིའི་མ་ལག་གི་ཚད་བརྒལ་སྒྲ་རླབས། མངལ་ཆགས་ཕྲུ་གུའི་སྙིང་གི་ཚད་བརྒལ་སྒྲ་རླབས། མངལ་འཁོར་ནས་གཟའ་འཁོར་28སོང་བའི་མངལ་ཆགས་ཕྲུ་གུའི་སྐྱེ་འཚར་གྱི་ཚད་བརྒལ་སྒྲ་རླབས་ཀྱི་བསྐྱར་བཤེར། སྦྲུམ་དུས་བར་མའི་ཁྲག་བརྟག་དཔྱད(ཐང་ཧྲིའི་དབྱེ་བཤེར)རྨ་མེད་DNAཡི་ཕྲུ་གུ་མ་སྐྱེས་གོང་གི་རྒྱུད་གཞིའི་བརྟག་དཔྱད་བཅས་ཡིན་པ་དང་། སྒོ་བསྟེན་སྨན་ཁང་གི་བརྟག་དཔྱད་བྱེད་མཁན་སྨན་པས་སྦྲུམ་མའི་སྦྲུམ་ཡུན་སོགས་ཀྱི་དོན་དངོས་ལ་གཞིགས་ནས་བརྟག་དཔྱད་ཀྱི་སྤ་སེ་འབྲི་གི་ཡོད།
དབྱེ་བཤེར་གྱི་ནང་དོན་དང་དུས་ཚོད།
གཅིག སྦུམ་དུས་ཀྱི་དུས་འགོའི་NTཚད་བརྒལ་སྒྲ་རླབས་ཀྱི་བརྟག་དཔྱད། མངལ་འཁོར་ནས་གཟའ་འཁོར་11ནས་13⁺⁶བར་སོང་བ།
གཉིས། རྨ་མེད་DNAཡི་ཕྲུ་གུ་མ་སྐྱེས་གོང་གི་རྒྱུད་གཞིའི་བརྟག་དཔྱད། མངལ་འཁོར་ནས་གཟའ་འཁོར་12ནས་22⁺⁶བར་སོང་བ།
གསུམ། སྦྲུམ་དུས་བར་མའི་ཁྲག་བརྟག་དཔྱད། མངལ་འཁོར་ནས་གཟའ་འཁོར་15ནས་20⁺⁶བར་སོང་བ།
བཞི། རྩ་བཞིའི་མ་ལག་གི་ཚད་བརྒལ་སྒྲ་རླབས་བརྟག་དཔྱད་དང་མངལ་ཆགས་ཕྲུ་གུའི་སྙིང་གི་ཚད་བརྒལ་སྒྲ་རླབས་ཀྱི་བརྟག་དཔྱད། མངལ་འཁོར་ནས་གཟའ་འཁོར་20ནས་24བར་སོང་བ།
ལྔ། སྦྲུམ་དུས་ཕྱི་མའི་མངལ་ཆགས་ཕྲུ་གུའི་སྐྱེ་འཚར་གྱི་ཚད་བརྒལ་སྒྲ་རླབས་ཀྱི་བསྐྱར་བཤེར། མངལ་འཁོར་ནས་གཟའ་འཁོར་28ཡས་མས་སོང་བ།
ཞབས་ཞུའི་བརྒྱུད་རིམ།
གཅིག སྔོན་མངགས་ཐོ་འགོད། རིན་པ་མི་དགོས་པར་བརྟག་དཔྱད་བྱེད་ཆོག་པའི་ཆ་རྐྱེན་དང་མཐུན་པའི་སྦྲུམ་མས་བོད་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང(བོད་རང་སྐྱོང་ལྗོངས་མ་བུའི་བདེ་ཐང་འགན་སྲུང་སྨན་ཁང)གི་སྐད་འཕྲིན་སྤྱི་རྟགས་བརྒྱུད་ནས་བུ་བཙའི་སྡེ་ཁག་གི་སྒོ་བསྟེན་ཨང་ཀི་བཀག་སྟེ་སྨན་བཅོས་བྱེད་པར་ཡོང་དགོས།
གཉིས། ཚང་དགོས་པའི་དཔྱད་གཞི། བརྟག་དཔྱད་བྱེད་མཁན་སྨན་པར་གློག་རྡུལ་གྱི་སྨན་བཅོས་འགན་བཅོལ་གྱི་དཔང་འཛིན་བསྟན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་སྣ་ཡིན་པ་གཏན་འཁེལ་བྱེད་དགོས།
གསུམ། བརྟག་དཔྱད་དུས་ཚོད། གཟའ་འཁོར་རེའི་རེས་གཟའ་ཟླ་བ་ནས་རེས་གཟའ་པ་སངས་བར་གྱི་སྔ་དྲོའི་ཆུ་ཚོད་9:30ནས་13:00བར་དང་། ཕྱི་དྲོའི་ཆུ་ཚོད་3:30ནས་18:00བར། རེས་གཟའ་སྤེན་པའི་སྔ་དྲོའི་ཆུ་ཚོད་9:30ནས་13:00བར་བཅས་ཡིན། དུས་ཆེན་དང་ངལ་གསོའི་སྐབས་བརྡ་ཐོ་ལོགས་སུ་གཏོང་རྒྱུ།
བཞི། བརྟག་དཔྱད་བྱེད་ས། རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང(བོད་རང་སྐྱོང་ལྗོངས་མ་བུའི་བདེ་ཐང་འགན་སྲུང་སྨན་ཁང)སྒོ་བསྟེན་སྨན་བཅོས་ཁང་གི་ཐོག་སོ་གཉིས་པའི་བུ་བཙའི་སྡེ་ཁག་གི་སྒོ་བསྟེན་སྨན་བཅོས་ཁང་།
འབྲེལ་ཡོད་གསར་འགྱུར།